གཟའ་ཉི་མ། ༢༠༡༩ ཟླ་༡༡ པའི་སྤྱི་ཚེས་༡༦

གྱི་གསོབ་བྱིན་ཡོད་པའི་དོགས་པ་ལུ་བརྟེན་ ཕོ་སྐྱེས་གཅིག་ དོ་དམ་འོག་ལུ་བཞག་ཡོདཔ།

སྤྱི་ཟླ་༡༡ པའི་ཚེས་ ༢༦ ༢༠༡༨

༉ ཐིམ་ཕུག་གི་ཁྲིམས་སྲུང་འགག་པ་གིས་ གཟའ་ལྷགཔ་གི་ཚེས་ སྐྱེས་ལོ་༢༤ ལང་མི་ཨམ་སྲུ་གཅིག་ལུ་ གྱི་གསོབ་བྱིན་ཡོད་པའི་དོགས་པ་ལུ་བརྟེན་ སྤུ་ན་ཁ་ལས་ སྐྱེས་ལོ་༢༥ ལང་མི་ཕོ་སྐྱེས་གཅིག་ དོ་དམ་འོག་ལུ་བཞག་སྟེ་སྦེ་འདུག

གནད་དོན་འདི་གི་སྐོར་ལས་ ཉམས་རྒུདཔ་མོ་ར་གིས་ བྱ་ངན་འདི་བྱུང་པའི་སྐབས་ལུ་རང་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་ཡོདཔ་ཨིན་མས།

ཉམས་རྒུདཔ་འདི་གིས་སླབ་མི་ནང་ མོ་དང་མོ་རའི་ཆ་རོགས་ཚུ་ ཡིག་ཚང་ནང་ལུ་ ཉི་མའི་ལྟོ་ཟ་སྡོད་པའི་སྐབས་ དོགས་པ་ཅན་འདི་འོང་སྟེ་སྦེ་ གྱི་གསོབ་ཡོདཔ་སྦེ་ཨིན་མས།

ཉམས་རྒུདཔ་ཨམ་སྲུ་འདི་ གྱི་གསོབ་ཡོད་པའི་ བརླད་དོ་གཡསཔ་གུ་ལས་ ཁྲག་ལེ་ཤ་སྦེ་ཐོན་འགྱོ་ས་མཐོང་པའི་ཤུལ་མ་ མོ་རའི་ཆ་རོགས་ཚུ་གིས་ དུས་འཕྲོད་ལས་ སྨན་ཁང་ནང་ལུ་བཀལ་ཡོདཔ་ཨིན་མས།

ཁྲིམས་སྲུང་འགག་པ་གིས་ དོགས་པ་ཅན་ཕོ་སྐྱེས་འདི་ཡང་ ཁ་ཙ་ བཟུང་ཡོདཔ་དང་ གནད་དོན་འདི་གི་སྐོར་ལས་ ད་རེས་ ཞིབ་དཔྱད་ཚུ་འབད་བའི་བསྒང་རང་ཡོདཔ་ཨིན་མས།