གཟའ་ཕུར་བུ། ༢༠༡༡ ཟླ་༣ པའི་སྤྱི་ཚེས་༣

ས་སྒ་གི་ འཐོན་ཤུགས་ལེགས་ཤོམ་ཡོདཔ།

སྤྱི་ཟླ་༥ པའི་ཚེས་ ༢ ༢༠༡༨

༉ རྩི་རང་རྫོང་ཁག་ རང་ཐང་གླིང་རྒེད་འོག་གི་ མི་སེར་ཚུ་གིས་ དུས་ཅི་ ས་སྒ་གི་འཐོན་ཤུགས་ལེགས་ཤོམ་སྦེ་རང་ཐོབ་ཚུགས་ཏེ་ཡོདཔ་ལས་ སེམས་དགའ་སྟེ་འདུག

མི་ཚུ་གིས་སླབ་མི་ནང་ འཐོན་ཤུགས་དེ་སྦེ་ བཏོན་ཚུགས་མི་འདི་ཡང་ ཆར་ཆུ་དུས་ཚོད་ཁ་ལུ་ འབབ་ནི་འདི་གིས་ཨིན་ཟེར་བཤད་ཅི།

རྒེད་འོག་འདི་ནང་གི་མི་ཚུ་གིས་ ས་སྒ་ཚུ་ ཐིམ་ཕུག་ལུ་ བཙོང་པར་འབག་འོང་ནི་སྦེ་ཡོདཔ་ལས་ ཚོང་འབྲེལ་ཚུ་ ལེགས་ཤོམ་སྦེ་རང་ འཐབ་ཚུགས་པའི་ རེ་བ་འདུག

ཁོང་ཆ་ཁྱབ་ཀྱི་ ས་སྒ་ཚུ་ སྦུང་ཚོང་སྦེ་ བཙོང་པ་ཅིན་ ཀེ་ཇི་རེ་ལུ་ དངུལ་ཀྲམ་༤༠་ཨིནམ་ད་ དེ་སྦེ་མེན་པར་ ཀེ་ཇི་གུ་བལྟབ་སྟེ་བཙོང་པ་ཅིན་ དངུལ་ཀྲམ་༥༠་རེ་སྦེ་ བཙོང་དོ་ཡོདཔ་ཨིན་མས།

མི་སཧེར་ཚུ་གིས་སླབ་མི་ནང་ ས་སྒ་གི་ལཱ་འབད་འདི་ གཞན་ལོ་ཐོག་གི་ལཱ་བཟུམ་སྦེ་རང་ ལུད་བླུགས་དགོ་པའི་ཁར་ གཡུར་མ་ཡང་ འཕྲལ་འཕྲལ་སྦེ་རང་ རྐྱབ་དགོ་ཟེར་བཤད་ཅི།

 དགེ་ལེགས་ཕུག་ལུ་ཡོད་པའི་ འབྲུག་ཟ་སྤྱོད་ལས་འཛིན་དང་འཁྲིལ་བ་ཅིན་ རིན་བསྡུར་ཁང་ནང་ལུ་ ད་རེས་ ས་སྒ་ཀེ་ཇི་རེ་ལུ་ གོང་ཚད་དངུལ་ཀྲམ་༣༥་རེ་ འཐོབ་དོ་ཟེར་ཨིན་རུང་ ཁྲོམ་ཁ་ལུ་འབད་བ་ཅིན་ གོང་ཚད་ དངུལ་ཀྲམ་༤༥་དེ་རེ་ ཐོབ་དོ་ཡོདཔ་སྦེ་བཤད་ཅི།

ད་རུང་ མི་ཚུ་གིས་ ཐིམ་ཕུག་ལུ་བཙོང་པར་འབག་ནི་གི་དོན་ལུ་ ངང་ལག་དང་ ཀ་ཀུ་རུ་ཚུ་ཡང་  བཏོན་བཞག་སྟེ་འདུག