གཟའ་སྤེན་པ། ༢༠༡༩ ཟླ་༡༡ པའི་སྤྱི་ཚེས་༢༢

ཟ་ཁང་གི་མཐུན་རྐྱེན་མེད་རུང་ བལྟ་བཤལཔ་ཡར་སེང་།

སྤྱི་ཟླ་༤ པའི་ཚེས་ ༡༦ ༢༠༡༨

 

༉ ལྷུན་རྩེ་རྫོང་ཁག་ནང་ལུ་ ཨིས་ཊར་གྱི་གནས་ཚད་ཡོད་པའི་ ཟ་ཁང་ཚུ་མེདཔ་ཨིན་རུང་ བལྟ་བཤལཔ་ཚུ་འོང་སྟེ་རང་ཡོདཔ་ལས་ གྱངས་ཁ་འདི་ཡང་ ཡར་སེང་འགྱོ་དོ་ཡོདཔ་ཨིན་མས།

འདི་ཡང་ གཡུས་ཚན་ཚུ་ནང་ལས་ཕར་ མི་སྡེ་གཞི་བཞག་གི་ མགྱོན་ཁྱིམ་འདི་ཚུ་ ཡོད་ནི་འདི་གིས་ཨིན་མས།

ལྷུན་རྩེ་ལུ་ གཡུས་ཁ་ལས་ཕར་ བལྟ་བཤལཔ་འོང་མི་གི་གྱངས་ཁ་འདི་ མཐོ་ཤོས་རང་ མཁོ་མ་གཡུས་ཚན་ནང་ལུ་ འོང་དོ་ཡོདཔ་སྦེ་ཨིན་མས།

འདི་ཡང་ མགྱོན་ཁྱིམ་འདི་ཚུ་གི་ ཞབས་ཏོག་ལེགས་ཤོམ་སྦེ་ འབྱིན་མི་གིས་མ་དོ་བར་ གཡུས་ཚན་འདི་ནང་ལུ་ ཐག་རིག་ཡོངས་གྲགས་སྦེ་ཡོད་མི་ སྐུད་ཤུད་ཐག་ར་ལས་བརྟེན་ཏེ་ཨིན་མས།

ད་རུང་ གཡུས་ཚན་འདི་ནང་ལུ་ ཐག་རིག་འདི་ཚུ་ གསལ་སྟོན་འབད་སའི་ས་སྒོ་ཚུ་ཡང་ བཟོ་སྟེ་ཡོདཔ་ལས་ བལྟ་བཤལཔ་ཚུ་གིས་ ཉོ་ཚུགས་ཏེ་འདུག

 

མི་ཚུ་གིས་སླབ་མི་ནང་ གཡུས་ཁ་ལུ་ བལྟ་བཤལཔ་དེ་སྦེ་ འོང་མི་འདི་གིས་ ཁོང་རའི་ཐོན་སྐྱེད་ཚུ་ཚོང་འབྲེལ་འཐབ་ཚུགས་དོ་ཡོདཔ་མ་ཚད་ བལྟ་བཤལཔ་ཚུ་ལས་བརྟེན་ཏེ་ ཁོང་ཆ་ཁྱབ་ཀྱི་ མི་ཚེ་གནས་སྟངས་ཚུ་ཡང་ ཡར་དྲགས་བཏང་ཚུགས་ཏེ་ ཡོད་ཟེར་བཤད་ཅི།

 འབྲུག་བལྟ་བཤལ་ཚོགས་སྡེ་དང་ འབུམ་སྡེ་གླིང་རི་དྭགས་སྲུང་སྐྱོབས་ས་ཁོངས་ཀྱིས་ མཁོ་མ་ལུ་ རྐང་ལམ་ཚུ་བཟོ་ནི་ནང་ རྒྱབ་སྐྱོར་འབད་དེ་ཡོདཔ་མ་ཚད་ མི་ཚུ་ལུ་ བཞེས་སྒོ་འབད་ནི་དང་ གཙང་སྦྲ་བཞག་ཐངས་ཀྱི་ སྦྱོང་བརྡར་ཚུ་ཡང་ འབྱིན་ཏེ་ཡོདཔ་ཨིན་མས།

ལྷུན་རྩེ་ལུ་ ད་རེས་ འབྲུག་བལྟ་བཤལ་ཚོགས་སྡེ་གིས་ ངོ་སྦྱོར་འབད་དེ་ཡོད་པའི་ མགྱོན་ཁྱིམ་༡༩་འདུག