གཟའ་ཟླ་བ། ༢༠༢༡ ཟླ་༡༠ པའི་སྤྱི་ཚེས་༡༧

སྣུམ་འཁོར་བརྒྱུན་འགྲུལ་འཐབ་མི་གི་ གྱངས་ཁ་ཡར་སེང་ལས་བརྟེན་ ལམ་ཁར་རྩི་ས་བཏང་པའི་བསྒང་།

སྤྱི་ཟླ་༡ པའི་ཚེས་ ༣༡ ༢༠༡༨

 

༉ པདྨ་དགའ་ཚལ་ ངང་ལམ་ཁྲོམ་ཁའི་འཁོར་ལམ་ཚུ་ ད་རེས་ ཐལཝ་རིལ་རི་སྦེ་ཡོད་རུང་ དུས་ཅི་ སྤྱི་ཟླ་༦་པའི་ནང་ལས་ གནས་སྟངས་འདི་ ལེགས་ཤོམ་འགྱོ་ཚུགས་པའི་རེ་བ་འདུག

འདི་ཡང་ ཁྲོམ་ལམ་འདི་ཁ་ལས་ཕར་ ད་རེས་ནངས་པར་ རྩིས་ས་བཏང་ནི་གི་ལཱ་ འབད་བའི་བསྒང་རང་ཡོད་ནི་འདི་གིས་ཨིན།

ཁྲོམ་ལམ་འདི་ཁ་ལུ་ རྩི་ས་བཏང་ནི་གི་ལཱ་འགོ་བཙུགས་ཏེ་ ཟླཝ་དག་པ་ཅིག་སོང་སྟེ་ཡོདཔ་ད་ ལས་འགུལ་འདི་གིས་ ལམ་ཀི་ལོ་མི་ཀྲར་ཕྱད་ད་༢་ལྷགཔ་ཅིག་ ཁྱབ་ནི་ཨིན་མས།

ལམ་སེལ་ལས་ཁུངས་ནང་ལས་ བཟོ་རིག་གཙོ་འཛིན་འགོ་དཔོན་ པེརམ་ལཱལ་པུ་རི་གིས་སླབ་མི་ནང་ ལམ་འདི་ཁ་ལས་ སྣུམ་འཁོར་ཚུ་ མ་ཆད་པ་རང་ བརྒྱུན་འགྲུལ་འཐབ་དོ་ཡོདཔ་ལས་ རྩི་ནག་བཏང་ནི་འདི་ འོས་འབབ་དང་ལྡན་ཏོག་ཏོ་ཅིག་མེདཔ་ལས་ རྩི་ས་བཏངམ་ཨིན་ཟེར་བཤད་ཅི།

 ཁྲོམ་ལམ་འདི་ཁ་ལུ་ རྩིས་ས་བཏང་མི་ལས་བརྟེན་ཏེ་ སྣུམ་འཁོར་ག་དེ་སྦེ་རང་ རྒྱུན་འགྲུལ་འཐབ་རུང་ དཀའ་ངལ་མེདཔ་སྦེ་ ལོ་༡༥་ལས་༢༠་གི་བར་ ཐུབ་ཚུགས་པའི་ ཐབས་ལུ་ཨིན་མས།

འདི་བཟུམ་སྦེ་ ཁྲོམ་འདི་ཁ་ལས་ རྒྱ་འབྲུག་ས་མཚམས་ཀྱི་འགེགས་སྲུང་ཚུན་ ལམ་ཀི་ལོ་མི་ཊར་ཕྱེད་ད་༤་འབད་མི་འདི་ཡང་ ལས་འགུལ་འདི་གི་ཤུལ་མའི་གོ་རིམ་ནང་ལུ་ རྩིས་ས་བཏང་ནི་སྦེ་ ཁག་འབགཔ་ཚུ་ལུ་སྤྲོད་ཚར་ཏེ་འདུག