མི་སྡེའི་གདོང་ལེན་སེལ་ཐབས་ཀྱི་ ལས་འགུལ་འདི་གིས་ བསབ་གྲུབ་ལྗོངས་མཁར་གྱི་ མི་སེར་ལུ་ཕན་ཐོགས།
སྤྱི་ཟླ་༡ པའི་ཚེས་ ༣༡ ༢༠༡༨༉ འབྲུག་བརྡ་བརྒྱུད་དང་དམངས་གཙོའི་ལྟེ་བ་གིས་ མི་སྡེའི་གདོང་ལེན་སེལ་ཐབས་ཀྱི་ ལས་འགུལ་འདི་གིས་ བསམ་གྲུབ་ལྗོངས་མཁར་རྫོང་ཁག་གི་ མི་སྡེ་ལུ་ ཕན་ཐོགས་འབྱུང་དོ་ཡོདཔ་ཨིན་མས།
མི་སྡེའི་གདོང་ལེན་སེལ་ཐབས་ཟེར་མི་འདི་ མི་སྡེ་དང་འབྲེལ་བའི་གདོང་ལེན་ཚུ་ ངོས་འཛིན་འབད་དེ་ འདི་གི་སེལ་ཐབས་ཚུ་ ཁོང་ར་གིས་རང་ བཏོན་ནི་གི་ལས་འགུལ་ཅིག་ཨིན།
ལས་འགུལ་འདི་གི་ལས་དོན་ཚུ་གི་གྲལ་ལས་ གཅིག་འདི་ བསམ་གྲུབ་ལྗོངས་མཁར་ མཚམས་པ་ཟོར་ལུ་ཡོད་པའི་ བདུད་འཇོམས་ཆོས་ཁང་ནང་ལུ་ ཆབ་གསང་༧་རྐྱབ་ནི་གི་ ལཱ་འབད་མི་འདི་ཨིན།
མི་སེར་ཚུ་གིས་སླབ་མི་ནང་ མཚམས་པ་ཟོར་ལུ་ ཆོས་ཕྱོགས་དང་འབྲེལ་བའི་ལས་རིམ་ཚུ་ འགོ་འདྲེན་འཐབ་པའི་སྐབས་ ཆབ་གསང་འདི་ མི་༣༠༠་ལྷགཔ་ཅིག་གིས་ ལག་ལེན་འཐབ་ཚུགས་ནི་ཨིནམ་ལས་ འདི་གིས་ ཕན་ཐོགས་སྦོམ་སྦེ་རང་ འབྱུང་འོང་ཟེར་བཤད་ཅི།
བསམ་གྲུབ་ལྗོངས་མཁར་ལུ་ ད་ལྟོ་ཚུན་ མི་སྡེའི་གདོང་ལེན་སེལ་ཐབས་ཀྱི་ ལས་འགུལ་བརྒྱུད་དེ་ ལས་སྣ་བཞི་ འགོ་འདྲེན་འཐབ་སྟེ་འདུག
ལས་འགུལ་ཚུ་ཡང་ འབྲུག་བརྡ་བརྒྱུད་དང་དམངས་གཙོའི་ལྟེ་བ་གིས་ བསམ་གྲུབ་ལྗོངས་གཙོ་རིམ་དང་ མཉམ་འབྲེལ་འབད་དེ་ འགོ་འདྲེན་འཐབ་ཨིན་མས།








རྒྱང་བསྒྲགས་དང་མཐུད་འབྲེལ།