ཨི་དཀར་གསལ་གྱི་ ཡོངས་འབྲེལ་ལམ་ལུགས་ལུ་ མི་དམངས་ཀྱི་ངོས་ལེན།
སྤྱི་ཟླ་༡ པའི་ཚེས་ ༣༡ ༢༠༡༨༉ ལྷན་རྒྱས་གཞུང་ཚོགས་ཀྱི་ དྲུང་ཆེན་ཡིག་ཚང་ནང་ལུ་ ན་ཧིང་ སྤྱི་ཟླ་༡༢་པའི་ནང་ ཨི་དཀར་གསལ་ཟེར་ ཡོངས་འབྲེལ་ཐོག་ ཉོགས་བཤད་བཀོད་ནི་གི་ལམ་ལུགས་ཅིག་ འགོ་བཙུགས་ཏེ་ཡོད་མི་ལུ་ མི་མང་ལས་ ངོས་ལེན་ལེགས་ཤོམ་སྦེ་རང་ ཐོབ་ཚུགས་ཏེ་འདུག
ཡིག་ཚང་འདི་གིས་ ཟླཝ་གཅིག་གི་ནང་འཁོད་ ཉོགས་བཤད་༣༤་ཐོབ་སྟེ་ཡོད་ས་ལས་ ༣༠་ལུ་ ངོས་ལེན་འབད་དེ་ཡོདཔ་སྦེ་ཨིན་མས།
ཡོངས་འབྲེལ་ཐོག་གི་ལམ་ལུགས་འདི་ཡང་ མི་སེར་ཚུ་གིས་ མི་མང་གི་ཞབས་ཏོག་ཚུ་གི་ཐད་ཁར་ བསམ་འཆར་དང་ ཉོགས་བཤད་ཚུ་བཀོད་ནི་གི་དོན་ལས་ འགོ་བཙུགས་ཏེ་འདུག
ཉོགས་བཤད་ཚུ་གི་གྲལ་ལས་ ༡༤་འདི་ བསྟན་རྒྱས་ལྷན་ཁག་གིས་ པི་ཨོ་ཨེལ་ ཨེམ་ཀུ་པཱོན་ཟེར་ ཡོངས་འབྲེལ་ཐོག་ མེ་རླུང་རྒྱ་ཛི་དང་ གཞན་མི་ས་སྣུམ་གྱི་ ཐོན་སྐྱེད་བཀྲམ་སྤེལ་དང་འབྲེལ་བའི་ གནད་དོན་ཚུ་ཨིན་མས།
ལམ་ལུགས་འདི་གིས་ ད་རེས་ ལྷན་ཁག་༡༠་རྐྱངམ་གཅིག་དང་འབྲེལ་བའི་གནད་དོན་ཚུ་ བལྟ་དོ་ཡོདཔ་ཨིན་རུང་ ས་ཆ་དང་ ཁྲོམ་སྡེ་ཞབས་ཏོག་གི་ གནད་དོན་ཚུ་ཡང་ ཐོནམ་ཨིན་མས།
ཡིག་ཚང་འདི་ནང་ལུ་ ཞུ་བ་ལྷོད་མི་དང་ ངོས་ལེན་ཐད་དཀར་དུ་འབད་དེ་ཡོད་མི་ འདི་བཟུམ་སྦེ་ འབྲེལ་ཡོད་ལས་སྡེ་ཚུ་ལུ་ སྤྲོད་དེ་ཡོད་མི་ཚུ་གི་ཐོ་ཚུ་ཡང་འདུག
མི་དམངས་ཞབས་ཏོག་དང་ཉོགས་བཤད་བལྟ་མི་ ཡིག་ཚང་གི་གཙོ་འཛིན་ ལུང་བསྟན་བཟང་མོ་གིས་སླབ་མི་ནང་ ཁོང་ཆ་ཁྱབ་ཀྱིས་ གནད་དོན་འདི་ཚུ་ དབྱེ་ཞིབ་འབད་བཞིན་ན་ འབད་ཚུགསཔ་འབད་ཡོད་པ་ཅིན་ སེལ་འབྱིན་དོ་ཟེར་ཨིན་རུང་ འབྲེལ་ཡོད་ལས་སྡེ་ཚུ་གིས་ བར་འཛུལ་འབད་དགོ་མི་ སྲིད་བྱུས་ཀྱི་གནད་དོན་བཟུམ་འབད་བ་ཅིན་ ལས་སྡེ་ཚུ་འབད་སར་ བཏང་དོ་ཟེར་བཤད་ཅི།
ཡིག་ཚང་འདི་གིས་ ལྷན་ཁག་༡༠་གི་མ་ཚད་པར་ གཞན་མི་ལས་སྡེ་ཚུ་ཡང་ ལམ་ལུགས་འདི་ནང་ལུ་བཙུགས་བཞིན་ན་ མི་དམང་ཞབས་ཏོག་འདི་ ཡར་དྲག་བཏང་ནི་གི་རེ་བ་འདུག








རྒྱང་བསྒྲགས་དང་མཐུད་འབྲེལ།