གཟའ་ཟླ་བ། ༢༠༢༡ ཟླ་༡༠ པའི་སྤྱི་ཚེས་༡༧

དགེ་ལེགས་ཕུག་ལུ་ རྒྱ་འབྲུག་གཉིས་ཀྱི་ དབུ་ཁྲིདཔ་ཚུ་གི་ སྐུ་པར་འགྲེམས་སྟོན།

སྤྱི་ཟླ་༡ པའི་ཚེས་ ༣༡ ༢༠༡༨

 

༉ རྒྱ་འབྲུག་༢་ཀྱི་བར་ན་ དོན་གཅོད་ཀྱི་མཐུན་ལམ་གཞི་བཙུགས་འབད་དེ་ མི་ལོ་༥༠་འཁོར་བའི་ དུས་སྟོན་བརྩི་སྲུང་ཞུ་ནི་གི་དོན་ལུ་ དགེ་ལེགས་ཕུག་ལུ་སྦེ་ རྒྱལ་ཁབ་༢་ཀྱི་དབུ་ཁྲིདཔ་ཚུ་གི་སྐུ་པར་གྱི་ འགྲེམས་སྟོན་ལས་རིམ་ཅིག་ འགོ་བཙུགས་ཏེ་འདུག

འགྲེམ་སྟོན་ལས་རིམ་འདི་ཡང་ ད་རེས་ འགོ་འདྲེན་འཐབ་པའི་བསྒང་རང་ཡོད་མི་ ལུང་ཕྱོགས་ཚོང་འབྲེལ་འགྲེམས་སྟོན་ཐེངས་༨་པ་ འགོ་འདྲེན་འཐབ་ས་ལུ་ རྒྱ་གར་གཞུང་ཚབ་ཡིག་ཚང་ནང་ལས་ དོན་གཅོདཔ་གཙོ་འཛིན་འོགམ་ ཨི་ཤ་སི་རི་ཝས་ཏ་བྷ་གིས་ འགོ་འབྱེད་འབད་ཡི།

ཉིནམ་༥་གི་འགྲེམས་འདི་ཡང་ གཟའ་ཉིམ་གྱི་ཚེས་ལས་ འགོ་བཙུགས་ཏེ་ཡོདཔ་ཨིན།

འགྲེམས་སྟོན་ལས་རིམ་འདི་དང་འབྲེལ་ཏེ་ ལམ་སྲོལ་གྱི་ལས་རིམ་ཚུ་ཡང་ སྟོན་དོ་ཡོདཔ་ཨིན་མས།