གཟའ་ལྷག་པ། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༢༤

སྨོང་སྒར་ལུ་ ཚ་རིམས་ཀྱི་རིགས་ཅིག་ཨིན་མི་ ནད་གཞི་འདི་ ཚད་འཛིན་འབད་དོ་ཡོདཔབའི་བསྒང་།

སྤྱི་ཟླ་༩ པའི་ཚེས་ ༢༩ ༢༠༡༧

༉ མོང་སྒར་རྫོང་ཁག་ ཀེང་མཁར་རྒེད་འོག་ནང་ལུ་ ཊེབ་ཨེ་ཕུལན་ཟཱ་ཟེར་མི་ ཚ་རིམས་ནད་གཞི་ཅིག་ཐོན་ཏེ་འདུག

ཁ་ཙ་ ཚུན་ཚོད་ཀྱི་བར་ན་ ཀེང་མཁར་གསོ་བའི་གཞི་རྟེན་སྨན་ཁང་ནང་ལུ་ ནད་གཞི་ཐོབ་མི་༤༡༨་ཐོ་བཀོད་འབད་ས་ལས་ ༥༦་འདི་ ཀེང་མཁར་འབྲིང་རིམ་སློབ་གྲྭ་འོག་མའི་ སློབ་ཕྲུག་ཚུ་ཨིན་མས།

གསོ་བའི་འགོ་དཔོན་ཚུ་དང་འཁྲིལ་བ་ཅིན་ ཀེང་མཁར་ལུ་ ཚ་རིམས་ཀྱི་ནད་གཞི་འདི་ འགོ་དང་པ་ར་ སྤྱི་ཟླ་འདི་གི་སྤྱི་ཚེས་༢༣་ལུ་ ཐོན་ཡོདཔ་སྦེ་ བརྟག་དཔྱད་འབད་ཡི་ཟེར་ཨིན་མས།

འདི་ཡང་ རྒེད་འོག་འདི་ནང་གི་ དུས་སྟོན་ཅིག་གི་སྐབས་ལུ་ ས་གནས་གཞན་ཁ་ལས་ ཚོང་བཙོང་པར་འོང་མི་ཚུ་ལས་བརྒྱུད་དེ་ ཐོབ་ཏེ་སྦེ་ དར་ཁྱབ་འགྱོ་ཡོད་པའི་དོགས་པ་ཡོད་ཟེར་བཤད་ཅི།

ནད་གཞི་འདི་ལས་བརྟེན་ཏེ་ ད་ལྟོ་ཚུན་ཚོད་ཀྱི་བར་ན་ མི་ལུ་ཤི་རྐྱེན་བྱུངམ་ལ་སོགས་པའི་ སྙན་ཞུ་ཅིག་མེད་རུང་ ཉེན་སྲུང་གི་དོན་ལས་ སྐེང་མཁར་འབྲིང་རིམ་སློབ་གྲྭ་འོག་མ་འདི་ གཟའ་མིག་དམར་གྱི་ཚེས་ལས་ར་ སྒོ་དམ་བཞག་ནུག

འདི་བཟུམ་སྦེ་ རིམས་ནད་འདི་ཐོབ་སྟེ་ཡོད་མི་སློབ་ཕྲུག་ཚུ་ སློབ་གྲྭ་འདི་ནང་གི་ ཁང་མིག་སོ་སོ་ནང་ལུ་ བཞག་སྟེ་ཡོདཔ་ཨིན་མས།

མོང་སྒར་ རྒྱལ་པོའི་ཞིང་གསོ་བའི་གཞི་རྟེན་སྨན་ཁང་ནང་ལས་ དྲུང་འཚོ་ཕྲིན་ལས་ཀྱིས་སླབ་མི་ནང་ ཁོང་ཆ་ཁྱབ་ཀྱིས་ ནད་གཞི་འདི་གི་སྐོར་ལས་ མི་ཚུ་ལུ་ སྨན་བཅོས་དང་གོ་བརྡ་ཚུ་སྤྲོད་ཡོདཔ་ལས་ ནད་གཞིའདི་ ཁྱབ་སྤེལ་འགྱོ་ནི་ལས་ ད་ལྟོ་ དུམ་གྲ་ཅིག་ ཚད་འཛིན་འབད་ཚུགས་ཏེ་ཡོད་ཟེར་ཨིན་མས།

 ད་རུང་ ཁོ་གིས་སླབ་མི་ནང་ རིམས་ནད་འདི་ ཕྱ་འབུབ་ལས་བརྟེན་ཏེ་ཐོབ་མི་ འབུ་ནད་ཅན་ཅིག་ཨིནམ་དང་ ནད་གཞི་འདི་ཡང་ གནམ་གཤིས་འགྱུར་འགྱོ་མི་ལས་བརྟེན་ཏེ་ ཐོབ་ཨིན་ཟེར་བཤད་ཅི།

ཚ་རིམ་ཀྱི་ནད་གཞི་འདི་ལས་ བཀག་ཐབས་འབད་ནི་གི་ ཐབས་ཤེས་ཡང་ གླང་ལེབ་དབུར་ཏེ་ ལགཔ་འཁྱུ་ནི་དང་ ཁ་རས་ལག་ལེན་འཐབ་ནི་ དེ་ལས་ མི་འཛོམས་སར་འགྱོ་ནི་ལས་ འཛེམ་ནི་ཚུ་ཨིན་མས།