གཟའ་པ་སངས། ༢༠༡༧ ཟླ་༡༢ པའི་སྤྱི་ཚེས་༡༤

འབྲུག་པའི་བསླབ་སྟོན་པ་༡༤༠་ལུ་ ཁྱད་རིག་གི་བསླབ་སྟོན་པའི་ངོ་སྦྱོར།

སྤྱི་ཟླ་༩ པའི་ཚེས་ ༢༨ ༢༠༡༧

༉ འབྲུག་བསླབ་སྟོན་ངོ་སྦྱོར་བཀོད་ཚོགས་ཀྱིས་ ད་རེས་འགོ་དང་པ་ འབྲུག་པའི་བསླབ་སྟོན་པ་༡༤༠་འདི་ རྒྱལ་ཡོངས་ཀྱི་བསླབ་སྟོན་པ་སྦེ་ ངོ་སྦྱོར་འབད་ཡི།

ཁོང་རྒྱལ་ཡོངས་ཀྱི་བསླབ་སྟོན་པ་ཚུ་ལུ་ ངོ་སྦྱོར་གྱི་ལག་ཁྱེར་འདི་ཡང་ ད་རིས་ ཐིམ་ཕུག་ལུ་སྦེ་ བསླབ་སྟོན་པའི་ཞལ་འཛོམས་འགོ་བཙུགས་ཀྱི་རྟེན་འབྲེལ་ནང་ལུ་ མི་དབང་རྒྱལ་པོའི་སྲསམོ་ སྐལ་བཟང་ཆོས་སྒྲོན་དབང་ཕྱུག་མཆོག་གིས་གནང་ཡི།

ད་རུང་ མི་དབང་རྒྱལ་པོའི་སྲསམོ་མཆོག་གིས་ རྒྱལ་ཡོངས་ཀྱི་བསླབ་སྟོན་པ་ ངོས་འཛིན་འབད་ནི་གི་ལམ་སྟོན་དང་ འབྲུག་བསླབ་སྟོན་ངོ་སྦྱོར་བཀོད་ཚོགས་ཀྱི་ ཡོངས་འབྲེལ་འཆར་སྒོ་ཡང་ འགོ་འབྱེད་གནང་ཡི།

རྒྱལ་ཡོངས་ཀྱི་བསླབ་སྟོན་པ་སྦེ་ངོ་སྦྱོར་ཐོབ་མི་ བསླབ་སྟོན་ཚུ་གིས་སླབ་མི་ནང་ ལག་ཁྱེར་འདི་ཐོབ་མི་ལས་བརྟེན་ཏེ་ ད་ལས་ཕར་ ཁོང་ཆ་ཁྱབ་ཀྱིས་ ཁོང་རའི་བསླབ་སྟོན་གྱི་ལྕོགས་གྲུབ་ཚུ་ ཡར་དྲག་བཏང་ཚུགས་ནི་ནང་ཕན་ཐོག་འབྱུང་ནི་མས་ཟེར་བཤད་ཅི།

ཁོང་བསླབ་སྟོན་པ་ཆ་ཁྱབ་ལུ་ ཁྱད་རིག་གི་སླབ་སྟོན་པ་ཅིག་སྦེ་ངོས་འཛིན་མ་འབད་བའི་ཧེ་མ་ སྦྱོང་བརྡར་མང་རབ་ཅིག་རང་འབྱིན་ནུག

འབྲུག་བསླབ་སྟོན་ངོ་སྦྱོར་བཀོད་ཚོགས་ཀྱི་མདོ་ཆེན་ ཚེ་རིང་སྒྲོལ་དཀར་གྱིས་སླབ་མི་ནང་ ཁོང་ཆ་ཁྱབ་ ད་ལས་ཕར་ ཁྱད་རིག་གི་བསླབ་སྟོན་པ་ཅིག་འབདཝ་ལས་ ལམ་ལུགས་དང་ཀུན་སྤྱོད་རྣམ་གཞག་ལུ་གནས་དགོ་ཟེར་བཤད་ཅི།