གཟའ་ཕུར་བུ། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༡༨

བུམ་ཐང་གི་མི་སེར་ཚུ་གིས་ པ་ཝར་ཊེ་ལར་གྱི་ཚབ་ལུ་ ཊེག་ཊེར་དགོཔ་སྦེ་སླབ་དོ་ཡོདཔ།

སྤྱི་ཟླ་༩ པའི་ཚེས་ ༢༨ ༢༠༡༧

༉ བུམ་ཐང་རྫོང་ཁག་འོག་ མི་སེར་སོ་ནམ་པ་ཚུ་གིས་ རྫོང་ཁག་འདི་ནང་ སོ་ནམ་གྱི་ཐོན་སྐྱེད་ཚུ་ ཡར་དྲག་བཏང་ནི་གི་དོན་ལས་ འཕྲུལ་གླང་པ་ཝར་ཊེ་ལར་ཚུ་གི་ཚབ་མ་ ཊེག་ཊེར་ཚུ་ དགོཔ་སྦེ་སླབ་དོ་ཡོདཔ་ཨིན་མས།

གནད་དོན་འདི་ཡང་ འཕྲལ་ཁམས་ཅིག་ཁར་ཚོགས་ཡོད་མི་ རྫོང་ཁག་ཚོགས་འདུའི་སྐབས་ལུ་ གྲོས་བསྡུར་བྱུང་ཡི།

ད་རེས་བཟུམ་ཅིག་འབད་བ་ཅིན་ རྫོང་ཁག་འདི་ནང་གི་ རྒེད་འོག་༤་ག་རའི་ནང་ལུ་ གཞུང་གིས་ འདས་པའི་ལོ་༢་གི་ཧེ་མ་གནང་མི་ འཕྲུལ་གླང་པ་ཝར་ཊེ་ལར་རེ་ཡོདཔ་ཨིན་མས།

མི་ཚུ་གིས་སླབ་མི་ནང་ འཕྲུལ་གླང་པ་ཝར་ཊེ་ལར་ལས་བརྟེན་ཏེ་ སོ་ནམ་གྱི་ཐོན་སྐྱེད་ ཡར་དྲག་བཏང་ནི་ནང་ལུ་ ཕན་ཐོག་ཅན་ཅིག་སྦེ་འཐོན་ཏེ་ཡོད་རུང་ སའི་ཆགས་ཚུལ་དང་བསྟུན་ ཞིང་རྨོ་ནི་གི་དོན་ལས་ ཊེག་ཊེར་ཚུ་གནང་པ་ཅིན་ ཧེང་སྐལ་རང་ཕན་ཐོག་འབྱུང་ནི་མས་ཟེར་བཤད་ཅི།

 ཆོས་འཁོར་རྒཔོ་པདྨ་གདུང་རྒྱལ་གྱིས་སླབ་མི་ནང་ ཊེག་ཊེར་གནང་པ་ཅིན་ སོ་ནམ་ལཱ་འབད་ནི་ལུ་ ཕན་པ་ཡོདཔ་མ་ཚད་ ཕྱགས་སྙིགས་བཀོ་ནི་ལུ་ཡང་ཕན་ཐོགས་འབྱུང་ནི་མས་ཟེར་བཤད་ཅི།

གནད་དོན་འདི་གི་སྐོར་ལས་ རྫོང་ཁག་སོ་ནམ་ལས་ཚན་གྱིས་ འཕྲལ་མགྱོགས་རང་ སོ་ནམ་དང་ནགས་ཚལ་ལྷན་ཁག་དང་གཅིག་ཁར་ གྲོས་བསྟུན་འབད་ནི་ཨིན་མས།

ད་རེས་ བུམ་ཐང་རྫོང་ཁག་ནང་ལུ་ སྒེར་གྱི་འཕྲུལ་གླང་ པ་ཝར་ཊེ་ལར་༢༠༠ལྷགཔ་ཅིག་དང་ཊེག་ཊེར་༨༠་ལྷགཔ་ཅིག་ཡོདཔ་ཨིཔན་མས།