གཟའ་མིག་དམར། ༢༠༡༧ ཟླ་༡༢ པའི་སྤྱི་ཚེས་༡༨

མཁལ་རྡོག་གི་སྨན་བཅོས་འབད་མི་ཚུ་གི་དོན་ལུ་ ཁང་ཁྱིམ།

སྤྱི་ཟླ་༩ པའི་ཚེས་ ༢༨ ༢༠༡༧

༉ དགེ་ལེགས་ཕུག་ལུང་ཕྱོགས་སྨན་ཁང་ནང་ལུ་ མཁལ་རྡོག་གི་ ཁྲག་སེལ་སྨན་བཅོས་འབད་མི་ཚུ་གིས་ ད་ལས་ཕར་ ཁང་གླ་སྤྲོད་མ་དགོ་པའི་ཁྱིམ་ནང་སྡོད་དེ་ སྨན་བཅས་ཚུ་ འབད་ཚུག་ནི་ཨིན་མས།

འདི་ཡང་ འབྲུག་མཁལ་རྡོག་གཞི་ཚོགས་ཀྱིས་ མཁལ་རྡོག་གི་ནདཔ་ཚུ་གི་དོན་ལུ་ དགེ་ལེགས་ཕུག་ཁྲོམ་ཁ་ལུ་ ཁྱིམ་ཁང་གླ་ཁར་ལེན་ཏེ་ཡོད་ནི་འདི་གིས་ཨིན།

མཁལ་རྡོག་གི་སྨན་བཅོས་འབད་མི་ནདཔ་ཚུ་གིས་སླབ་མི་ནང་ ད་ལྟོ་ཚུན་ཚད་ འདི་བཟུམ་གྱི་མཐུན་རྐྱེན་ཅིག་མེད་ནི་འདི་གིས་ ཁོང་ཆ་ཁྱབ་ ཁྱིམ་ཁང་གླ་ཁར་ལེན་ཏེ་ སྡོད་དགོཔ་ཐོན་ཡི་ཟེར་ཨིན་མས།

ཨིན་རུང་ དེ་སྦེ་སྡོད་པའི་སྐབས་ ཟད་འགྲོ་སྦོམ་སྦེ་རང་གནས་དོ་ཡོདཔ་མ་ཚད་ ཚ་དྲོད་དང་གཟན་དོམ་ཚུ་གིས་ཡང་ འབད་རང་མི་ཚུགས་ཟེར་བཤད་ཅི།

མཁལ་རྡོག་གི་ནདཔ་འདི་ཚུ་ མཁལ་རྡོག་མ་མཐུན་མི་དང་ མཁལ་རྡོག་གི་ཞལ་འདེབས་ལུ་ ཟད་འགྲོ་གཏང་མ་ཚུགས་ནི་འདི་གིས་ ཁྲག་སེལ་གྱི་སྨན་བཅོས་འབད་དེ་ ལོ་ལེ་ཤཱ་ཅིག་རང་ སྡོད་དགོཔ་ཐོན་དོ་ཡོདཔ་ཨིན་མས།

ནདཔ་ཚུ་གིས་ བདུན་ཕྲག་གཅིག་ནང་ ཁྲག་སེལ་གྱི་སྨན་བཅོས་ ཚར་གཉིས་རེ་བརྐྱབ་དགོ་དོ་ཡོདཔ་ཨིན་མས།

ཨིན་རུང་ ད་ལས་ཕར་ ཁོང་ཆ་ཁྱབ་ཀྱིས་ སྨན་བཅོས་འདི་རང་མ་གཏོགས་ སྡོད་སའི་ས་སྒོ་གི་ཐད་ཁར་ ཚ་གྱལ་ལང་མི་དགོ་ནི་ཨིན་མས།

དགེ་ལེགས་ཕུག་སྨན་ཁང་ནང་ལུ་ མཁལ་རྡོག་གི་ནད་གཞི་ལས་བརྟེན་ཏེ་ ཁྲག་སེལ་གྱི་སྨན་བཅོས་འབད་མི་ ནདཔ་༢༠དེ་ཅིག་འདུག