གཟའ་ཕུར་བུ། ༢༠༡༧ ཟླ་༡༢ པའི་སྤྱི་ཚེས་༡༣

མི་དབང་རྒྱལ་ཡུམ་སངས་རྒྱས་ཆོས་སྒྲོན་དབང་ཕྱུག་མཆོག་གིས་ དཀྲིས་མ་ཟེར་མི་ འགྲེམ་སྟོན་ལས་རིམ་ འགོ་འབྱེད་གནང་ཡོདཔ།

སྤྱི་ཟླ་༨ པའི་ཚེས་ ༣༡ ༢༠༡༧

  ༉ མི་དབང་རྒྱལ་ཡུམ་སངས་རྒྱས་ཆོས་སྒྲོན་དབང་ཕྱུག་མཆོག་གིས་ ད་རིས་ རྒྱལ་འཛིན་ཐགས་རིགས་སློབ་སྡེ་ནང་ལུ་སྦེ་ དཀྲིས་མ་ཟེར་མི་ འགྲེམས་སྟོན་ལས་རིམ་ཅིག་་ འགོ་འབྱེད་མཛད་གནང་ཡི།

དཀྲིས་མ་ཟེར་མི་འདི་ འབྲུག་པའི་ ཐགས་འཐག་མི་ཚུ་གིས་ མེ་ཏོག་འཐུ་མི་ལཱ་ཁག་ཤོས་ཅིག་དང་ བཙོང་སྟེ་འབད་རུང་ གོང་ཚད་སྦོམ་སྦེ་གནས་མི་ཅིག་ཨིན་མས།

མེ་ཏོག་འདི་ ཅིག་གི་ཅིག་ལུ་དཀྱི་སྟེ་འོངམ་ཨིནམ་ད་ ཐགས་འཐག་མི་ཚུ་གིས་ སྐུདཔ་འདི་ ཅིག་གི་ཅིག་ལུ་དཀྱི་སྟེ་སྦེ་ མེ་ཏོག་འཐུ་འཐུཝ་ཅིག་འབད་ནི་འདི་གིས་ཨིན་མས།

ཐགས་རིགས་འགྲེམ་སྟོན་ཁང་གི་ལས་རིམ་མདོ་ཆེན་ སེང་གེ་རྡོ་རྗེ་གིས་སླབ་མི་ནང་ དཀྲིས་མ་གི་འགྲེམ་སྟོན་འགོ་འདྲེན་འཐབ་མི་འདི་ཡང་ དཀྲིས་མ་གི་མེ་ཏོག་འཐུ་སྟེ་ཐག་འཐགས་ནི་འདི་ ཉམས་ནི་གི་ཉེན་ཁག་ཡོད་ནི་འདི་གིས་ འགོ་འདྲེན་འཐབ་ཨིན་ཟེར་བཤད་ཅི།

འགྲེམས་སྟོན་ལས་རིམ་འདི་ སྐུ་བཤུང་དང་ སྐུད་བཤུད་ཐགས་ར་ དེ་ལས་ སྔོ་གཤམ་དང་ དཔེ་གསར་སྦེ་ དབྱེ་ཁག་བཞི་ལུ་དབྱེ་སྟེ་སྦེ་ འགོ་འདྲེན་འཐབ་དོ་ཡོདཔ་ཨིན།

ཟླཝ་༩་གི་རིང་ལུ་འགོ་འདྲེན་འཐབ་ནི་ཨིན་མི་ འགྲེམས་སྟོན་ལས་རིམ་འདི་ཡང་ ཐགས་རིགས་འགྲེམས་སྟོན་ཁང་དང་ རྒྱལ་འཛིན་ཐགས་རིགས་སློབ་སྡེ་གཉིས་ མཉམ་འབྲེལ་གྱི་ཐོག་ལས་ འགོ་འདྲེན་འཐབ་དོ་ཡོདཔ་ཨིན་མས།