གཟའ་ལྷག་པ། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༢༤

འཛམ་གླིང་ནགས་ཚལ་གླིང་འཛིན་འགོ་དཔོན་གྱི་ཉིནམ་ བརྩི་སྲུང་འབད་ཡོདཔ།

སྤྱི་ཟླ་༧ པའི་ཚེས་ ༣༡ ༢༠༡༧

༉ ད་རེས་ འགོ་དང་པ་ ནགས་ཚལ་དང་གླིང་ག་ཞབས་ཏོག་ལས་ཁུངས་ཀྱིས་ ད་རིས་ རྒྱལ་ས་ལུ་སྦེ་ འཛམ་གླིང་ནགས་ཚལ་གླིང་འཛིན་འགོ་དཔོན་གྱི་ཉིནམ་ བརྩི་སྲུང་འབད་ཡི།

ཉིནམ་འདི་ཡང་ ནགས་ཚལ་གླིང་འཛིན་འགོ་དཔོན་ཚུ་གིས་ རང་སོའི་རྒྱལ་ཁབ་ནང་ལུ་ཡོད་པའི་ རང་བཞིན་ཉམས་སྲུང་འབད་ནི་ནང་ འགན་ཁུར་འབག་ཡོད་པའི་ ངོས་འཛིན་ལུ་ འཛམ་གླིང་རྒྱལ་ཁབ་ག་རའི་ནང་ལུ་ བརྩི་སྲུང་འབད་ནུག

ཉིནམ་བརྩི་སྲུང་འབད་ས་ལུ་ ལུང་ཕྱོགས་མ་འདྲཝ་ཚུ་ནང་ལས་ ནགས་ཚལ་གླིང་འཛིན་འགོ་དཔོན་ཚུ་གི་གྲལ་ལས་ ད་རེས་ དགོངས་ཞུ་འབད་དེ་ཡོད་པའི་ སྐྱེ་ལོ་༦༥ལང་མི་ པ་སངས་ཚེ་རིང་གིས་ ལོ་༣༨གི་རིང་ ཅི་ལྕོགས་གང་ལྕོགས་ཀྱི་ཐོག་ལས་ ལས་ཁུངས་འདི་གི་འོག་ལུ་ ཕྱག་ཞུ་ཡོད་པའི་ངོས་འཛིན་འབད་ནུག

འདི་བསྒང་ བློན་ཆེན་ དྲག་ཤོས་ ཚེ་རིང་སྟོབས་རྒྱས་ཀྱིས་ རྒྱལ་ཁབ་ཀྱི་ རང་བཞིན་ཉམས་སྲུང་འབད་ནི་ནང་ ནགས་ཚལ་གླིང་འཛིན་འགོ་དཔོན་ཚུ་གིས་ ལཱ་འགན་ཁག་ཆེ་ཤོས་ཅིག་སྦེ་ འབག་སྟེ་ཡོད་མི་ཚུ་གི་སྐོར་ལས་གསུང་གནང་ནུག

ངོས་འཛིན་ལས་རིམ་དང་གཅིག་ཁར་ རང་བཞིན་ཉམས་སྲུང་འབད་བའི་སྐབས་ སྒྲིག་གཡོག་གི་དུས་ཚོད་ཁར་ སྲོག་ལུ་བར་ཆད་བྱུང་མི་ ནགས་ཚལ་གླིང་འཛིན་འགོ་དཔོན་ཚུ་གི་དོན་ལུ་ གུས་བཏུད་ཞུ་ཡོདཔ་ཨིན།

འདི་བཟུམ་སྦེ་ ནགས་ཚལ་དང་གླིང་ག་ཞབས་ཏོག་ལས་ཁུངས་ཀྱིས་ ཁེ་སང་མེད་པའིི་ལས་སྡེ་ཅིག་ཨིན་མི་ རྒྱལ་སྤྱི་ནགས་ཚལ་གླིང་འཛིན་འགོ་དཔོན་ཚོགས་པའི་ནང་ལུ་ འཐུས་མི་ཅིག་སྦེ་ འགོ་འབྱེད་འབད་ཡོདཔ་ཨིན།

རྒྱལ་སྤྱི་ནགས་ཚལ་གླིང་འཛིན་འགོ་དཔོན་ཚོགས་པ་གིས་ ཁོང་ ནགས་ཚལ་གླིང་འཛིན་འགོ་དཔོན་ཚུ་ལུ་ འཛམ་གླིང་ནང་ རང་བཞིན་ཉམས་སྲུང་འབད་བའི་སྐབས་ དཀའ་ངལ་དང་གདོང་ལེན་ དེ་ལས་ མཐར་འཁྱོལ་ཅན་གྱི་གྲུབ་འབྲས་འཐོན་མི་ཚུ་ བརྡ་དོན་སྤྲོད་ལེན་འབད་ནི་ནང་ རྒྱབ་སྐྱོར་འབད་ནི་ཨིན་མས།

འདི་གི་ཤུལ་ལས་ འགྲེམ་སྟོན་འབད་སའི་ས་སྒོ་ནང་ལུ་ ལས་ཁུངས་ཀྱིས་ ཉམས་སྲུང་འབད་དེ་ཡོད་པའི་ རང་བཞིན་གྱི་ཐོན་སྐྱེད་ཚུ་ འགྲེམ་སྟོན་འབད་ནུག། སྟེ་ འགྲེམ་སྟོན་འདི་ཡང་ ལྕང་གླིང་མའི་ཐང་ནང་ཡོད་པའི་ བརྒྱ་འཁོར་གླིང་ག་ནང་ལུ་ ཤུལ་མའི་ཉིནམ་༢གི་རིང་ འགྲེམ་སྟོན་འབད་ནི་ཨིན་མས།