གཟའ་ལྷག་པ། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༢༤

བདེན་ཆུ་ཁ་ལུ་ ཨམ་སྲུ་གཅིག་ རི་གླང་གིས་གནོདཔ་སྐྱེལ་ཡོདཔ།

སྤྱི་ཟླ་༥ པའི་ཚེས་ ༣༡ ༢༠༡༧

༉ བསམ་རྩེ་རྫོང་ཁག་ རྡོ་རོ་ཁ་དྲུང་ཁག་ བདེན་ཆུ་ཁ་ལུ་ ལོ་༤༧་ལངས་མི་ཨམ་སྲུ་གཅིག་ རི་གླང་གིས་གནོདཔ་སྐྱེལ་བའི་ཤུལ་ལུ་ གནས་སྟངས་ཚུབས་དྲག་སྦེ་ཡོདཔ་ཨིན་མས།

མོ་གི་རྨགཔ་འདི་ལུ་ གནོད་སྐྱོན་ཨ་ཙི་ཅིག་ལས་འགལ་ མ་བྱུང་པས།

རྐྱེན་ངན་འདི་ཡང་ ད་ཅི་ཉི་མ་ ཆུ་ཚོད་ཕྱེད་ད་༤་དེ་ཅིག་ཁར་ ཁོང་གཉིས་ ཁོང་རའི་ཁྱིམ་གྱི་སྦོ་ལོགས་ཁར་ གེ་ཛ་བསྲུང་སྡོད་པའི་སྐབས་བྱུང་ནུག

རྡོ་རོ་ཁ་དྲུང་ཁག་གིས་ ཨམ་སྲུ་འདི་ སྨན་ཁང་ནང་སྐྱེལ་ནིའི་དོན་ལུ་ དུས་ཕྲལ་ལས་ གནམ་གྲུ་ ཧེ་ལི་ཀོབ་ཀྲར་གྱི་ཞབས་ཏོག་དོན་ལུ་ ཞུ་བ་འབད་ནུག

ཨིན་རུང་ འབྲུག་གནམ་གྲུ་ ཧེ་ལི་ཀོབ་ཀྲར་ཞབས་ཏོག་གི་ འགོ་དཔོན་ཚུ་གིས་སླབ་མི་ནང་ ཁོང་ལུ་སྙན་ཞུ་འདི་ ཆུ་ཚོད་༥་དང་སྐར་མ་༡༠་ལུ་ འཐོབ་ཡོདཔ་ལས་ དེ་བསྒང་ལས་ ཕྱི་སོང་མི་ལུ་བརྟེན་ གནམ་གྲུ་ཧེ་ལི་ཀོབ་ཀྲར་འདི་ བཏང་མ་ཚུགས་ཟེར་ཨིན་མས།

ད་རུང་ ཧེ་ལི་ཀོབ་ཀྲར་འདི་ ལོག་སྟེ་ གནག་དུང་ནང་ལུ་ འཕུར་འོང་དགོ་ནི་ཨིནམ་ལས་ ཉེན་ཁག་ཆེ་སུ་སྦེ་ འདུག་ཟེར་ཨིན་མས།

གཡུས་ཁའི་མི་ཚུ་གིས་ དུས་ཡུན་ཆུ་ཚོད་༤་དེ་ཅིག་གི་རིང་ ཨམ་སྲུ་འདི་འབག་སྟེ་ འཁོར་ལམ་རྩ་བ་ཚུན་ཚོད་ སྐྱེལ་དོ་ཡོདཔ་ད་ དེ་ཁ་ལས་ ནདཔ་སྐྱེལ་ལེན་གྱི་སྣུམ་འཁོར་ནང་སྦེ་ བསམ་རྩེ་སྨན་ཁང་ནང་ འབག་ནི་ཨིན་མས།