གཟའ་ཉི་མ། ༢༠༡༧ ཟླ་༡༢ པའི་སྤྱི་ཚེས་༡༦

སྟང་རྒེད་འོག་ལྟེ་བའི་འཁོར་ལམ་འདི་ རྩི་ནག་བཏང་ཚར་ཏེ་ཡོདཔ།

སྤྱི་ཟླ་༤ པའི་ཚེས་ ༣༠ ༢༠༡༧

༉ བུམ་ཐང་སྟང་རྒེད་འོག་གི་དོན་ལས་ རྒེད་འོག་ལྟེ་བའི་ལམ་འདི་ རྩི་ནག་བཏང་ཡོད་མི་འདི་གིས་ མི་སེར་ཚུ་ལུ་ ཕན་ཐོག་བྱུང་སྟེ་འདུག

འདི་ཡང་ མི་སེར་ཚུ་གིས་སླབ་མི་ནང་ ད་རེས་ རྒེད་འོག་ལྟེ་བའི་ལམ་འདི་ རྩི་ནག་བཏང་སྟེ་ཡོད་མི་ལུ་བརྟེན་ ལམ་འགྲུལ་འབད་ནི་ལུ་ སྟབས་བདེ་ཏོག་ཏོ་ཡོད་པའི་ཁར་ ཧེ་མ་དང་འཕྱདཔ་ད་ དུས་ཚོད་དེ་ཅིག་རང་ མི་འགོར་བས་ཟེར་བཤད་ཅི།

བུམ་ཐང་རྫོང་ཁག་ནང་ལུ་ རྒེད་འོག་༤ཡོད་ས་ལས་ སྟང་རྒེད་འོག་འདི་ རྒྱལ་ཡོངས་གཞུང་ལམ་ཁར་ལས་ ཐག་རིང་སར་ཅིག་ཁར་ ཆགས་ཏེ་ཡོད་པའི་རྒེད་འོག་ཅིག་ཨིན།

རྒྱལ་ཡོངས་གཞུང་ལམ་ཁར་ལས་སྦེ་ སྟང་རྒེད་འོག་ལྟེ་བའི་ལམ་བདའ་སྟེ་འགྱོ་བའི་སྐབས་ ཁྲོམ་ལམ་བདའ་སྟེ་འགྱོ་བའི་ སྣང་བ་ཡང་ ཤར་དོ་ཡོདཔ་ཨིན།

ལམ་འདི་ ལུང་ཤོང་ནང་ལས་སྦེ་ དགའ་ཏོག་ཏོ་ཡོདཔ་དང་ ལམ་རྩི་ནག་བཏང་མི་འདི་ མི་སེར་ཚུ་གི་དོན་ལས་ དགའ་འཚོར་སྦོམ་སྐྱེད་ནི་གི་ གཞི་ཅིག་ལུ་འགྱུར་ཏེ་ཡོདཔ་ཧིན།

ལམ་འདི་ཡང་ རྒེད་འོག་འདི་ནང་ལུ་ གཞི་བཙུགས་འབད་དེ་ཡོད་པའི་ གཡག་དང་ལུག་རིགས་རྒྱུན་སྤེལ་སའི་ལྟེ་བ་འདི་གི་དོན་ལས་ ལོ་ངོ་བཅུ་ཕྲག་༣དེ་ཅིག་གི་ཧེ་མ་བསལ་ཡོདཔ་ཨིན།

དེ་ལས་ ལམ་རྩི་ནག་བཏང་ནི་གི་ལཱ་འདི་ ན་ཧིང་རྐྱངམ་ཅིག་ མཇུག་བསྡུ་ཚུགས་ནུག