གཟའ་ལྷག་པ། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༡༧

བསམ་རྩེ་རྫོང་ཁག་ རྨ་བྱ་ཐང་གཡུས་ཚན་ནང་ལུ་ ལྕང་ལཱ་རྐྱབ་ནི་འདི་ མར་ཉམས་འགྱོ་ཡོདཔ།

སྤྱི་ཟླ་༤ པའི་ཚེས་ ༢༩ ༢༠༡༧

༉ བསམ་རྩེ་རྫོང་ཁག་ རྨ་བྱ་ཐང་གཡུས་ཁའི་ མི་སེར་སོ་ནམ་པ་ཚུ་གི་དོན་ལུ་ རེ་འདི་ མི་རབས་ལས་ མི་རབས་བཅད་དེ་ འོང་འབབ་ཀྱི་གཞི་ གཙོ་བོ་ཅིག་སྦེ་སྡོད་ནུག

ཨིན་རུང་ གཡུས་ཚན་འདི་ནང་ལུ་ ལྕང་ལཱ་རྐྱབ་ནི་གི་དོན་ལས་ ཆུ་ལངམ་སྦེ་མེད་མི་ལུ་བརྟེན་ མི་མང་ཤོས་ཅིག་གིས་རང་ བྱཱ་གི་ལཱ་འབད་ནི་འདི་ གྲོས་ཀྱིས་སྦེ་ བཀོག་བཞག་ནི་འགོ་བཙུགས་ཏེ་ཡོདཔ་ཨིན།

དུས་ཅི་འབད་བའི་བསྒང་ལས་ མི་སེར་སོ་ནམ་པ་ཚུ་གིས་ ལྕང་ལཱ་མ་པ་ལས་རང་ མི་རྐྱབ་ནི་སྦེ་ གྲོས་ཐག་བཅད་དེ་འདུག

གཡུས་ཚན་འདི་ནང་གི་མི་ཚུ་གིས་ ན་ཧིང་ཚུན་ཚོད་ ལྕང་ལཱ་ཚུ་ ཆར་ཆུ་ལས་བརྟེན་ རྐྱབ་སྟེ་སྡོད་ཡོདཔ་ཨིན་རུང་ མི་ཚུ་གིས་ མཐའན་མཇུག་ཁར་ གྲུབ་འབྲས་ལེགས་ཤོམ་ཅིག་མེདཔ་ཨིན་མས།

འདི་ཡང་ ཁོང་གིས་ ལྕང་ལཱ་རྐྱབ་མི་འདི་ནང་ལས་ རྒྱུ་ཕྱེད་ཀ་ལས་བརྒལ་ བསྡུ་མི་ཚུགས་དོ་ཡོདཔ་ཨིན་མས།

བྱཱ་གི་ཐོན་ཤུགས་ ལེགས་ཤོམ་མ་འཐོན་མི་འདི་ཡང་ ཆརཔ་འབོལ་ཏོག་ཏོ་ཅིག་སྦེ་ མ་བརྐྱབ་མི་ལུ་བརྟེན་ཨིན་མས།

 འདི་འབདཝ་ལས་ གཡུས་འདི་ནང་གི་མི་ཚུ་གིས་ ལྕང་ལཱ་རྐྱབ་ནི་འདི་ བཀོག་བཞག་ཞིནམ་ལས་ ད་རེས་ནངས་པ་ འོང་འབབ་ཀྱི་དོན་ལུ་ ས་སྒ་དང་རྡོག་མ་ དེ་ལས་ ཚོད་བསྲེ་གི་ལཱ་ཚུ་འབད་ནི་ འགོ་བཙུགས་ཏེ་འདུག

ཨིན་རུང་ རྨ་བྱ་ཐང་གཡུས་ཚན་ནང་ལུ་ ཁྱིམ་གུང་པ་༢༠ལུ་ སྐམ་ཞིང་ལས་ ཆུ་ཞིང་མང་ནི་འདི་གིས་ འོང་འབབ་བཟོ་ནི་གི་ གོ་སྐབས་ གནམ་མེད་ས་མེད་ཅིག་ མེདཔ་ཨིན་མས།

ད་རེས་ མི་ཚུ་གིས་ སོ་ནམ་གྱི་ལཱ་སོ་སོ་འབད་ནི་ འགོ་བཙུགས་མི་དང་འབྲེལ་ འཚོ་བའི་ཐབས་ཤེས་ སོ་སོ་ཅིག་ འཐོབ་ཚུགས་པའི་རེ་བ་བསྐྱེད་དེ་འདུག

ཨིན་རུང་ མི་སེར་ཚུ་གིས་ འབྲེལ་ཡོད་དབང་འཛིན་ཚུ་གིས་ མགྱོགས་སུ་ཅིག་སྦེ་ ཐབས་ཤེས་ཚུ་བཏོན་ཞིནམ་ལས་ ལྕང་ལཱ་རྐྱབ་ནི་གི་སྲོལ་འདི་ ལོག་སྟེ་རང་ འགོ་བཙུགས་ཚུགས་པའི་རེ་བ་འདུག