གཟའ་སྤེན་པ། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༢༠

བསམ་གྲུབ་ལྗོངས་མཁར་རབ་སྡེ་གི་ ཉལ་ཁྱིམ་གྱི་ཁྱིམ་ཐོག་ཚུ་ རླུང་མ་གིས་ཤུབས་བདའ་ཡོདཔ།

སྤྱི་ཟླ་༤ པའི་ཚེས་ ༢༩ ༢༠༡༧

༉ བསམ་གྲུབ་ལྗོངས་མཁར་ལུ་ ཁ་ཙ་ཕྱི་རུ་ ཆུ་ཚོད་ཕྱེད་ད་༨དེ་ཅིག་ཁར་ རླུང་མ་ཤུགས་སྦེ་འཕུ་མི་ལུ་བརྟེན་ བསམ་གྲུབ་ལྗོངས་མཁར་རབ་སྡེ་གི་ ཉལ་ཁྱིམ་གྱི་ཁྱིམ་ཐོག་ཚུ་ ཤུབས་བདའ་སྟེ་འདུག

ཨིན་རུང་ རྐྱེན་ངན་འདི་ནང་ལུ་ མི་ལུ་ཤི་སྐྱོན་དང་ རྨ་སྐྱོན་ཚུ་བྱུང་ཡོད་པའི་ སྙན་ཞུ་ག་ནི་ཡང་མེདཔ་ཨིན་མས།

བསམ་གྲུབ་ལྗོངས་མཁར་རྫོང་ཁག་གིས་ རབ་སྡེ་ལུ་ དུས་འཕྲོད་ལས་ ཏིར་པཱལ་ཚུ་བྱིན་ནུག

རླུང་འཚུབས་ཀྱི་རྐྱེན་ངན་འདི་ བསམ་གྲུབ་ལྗོངས་མཁར་ལུ་མ་གཏོགས་ རྫོང་ཁག་གཞན་མི་ཚུ་ མ་བྱུངམ་ཨིན་མས།