གཟའ་སྤེན་པ། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༢༠

འབྲུག་ལུ་ཤེས་རིག་གི་སྐོར་ལས་ རྒྱབ་རྟེན་གྱི་ ཀི་དེབ་ཚུ་འོང་ནི་ཨིནམ།

སྤྱི་ཟླ་༤ པའི་ཚེས་ ༢༩ ༢༠༡༧

༉ རྒྱལ་ཁབ་ནང་འཁོད་དང་རྒྱལ་སྤྱིའི་ སློབ་ཕྲུག་དང་ ཤེས་ཡོན་གྱི་ཞིབ་འཚོལ་པ་ཚུ་གི་དོན་ལུ་ འབྲུག་ལུ་ཤེས་རིག་གི་སྐོར་ལས་ རྒྱབ་རྟེན་གྱི་ ཀི་དེབ་ཚུ་འོང་ནི་ཨིན་མས།

འདི་ཡང་ ཤེས་རིག་གི་ ལམ་ལུགས་ནང་ལུ་ ད་རེས་འགོ་དང་པ་ ཨི་དྲུ་ཀཱེ་ཤཱན་ཨཱིན་བྷུ་ཊན་ཟེར་མི་ རྒྱབ་རྟེན་ཀི་དེབ་ཅིག་ ད་རིས་ རྒྱལ་ས་ལུ་སྦེ་ གསར་སྟོན་འབད་ཡི།

ཀི་དེབ་འདི་ནང་ལུ་ རྒྱལ་ཁབ་ནང་ ཤེས་རིག་གི་ལམ་ལུགས་ཀྱི་ རྒྱལ་རབས་དང་གོང་འཕེལ་ དེ་ལས་ གོ་སྐབས་དང་ གདོང་ལེན་ཚུ་གི་སྐོར་ལས་ཡོདཔ་ཨིན་མས།

 ཞིབ་འཚོལ་གུར་ གཞི་བཞག་སྟེ་བརྩམ་མི་ ཀི་དེབ་འདི་ཡང་ རྒྱལ་ཁབ་ནང་འཁོད་དང་ ཕྱི་ཁ་ལས་ མཁས་པ་༢༠ལྷགཔ་ཅིག་ མཉམ་འབྲེལ་གྱི་ཐོག་ལས་ བརྩམ་ཡོདཔ་ཨིན་མས།

ཀི་དེབ་འདི་ཡང་ རྒྱལ་ཡོངས་དང་ མི་དམངས་ཀྱི་ དཔེ་མཛོད་ཁང་ཚུ་ནང་ལས་ འཐོབ་ཚུགས་ནི་ཨིན་མས།