གཟའ་མིག་དམར། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༢༣

མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ རྒྱ་གར་གྱི་ གུང་བློན་བི་པཱིན་ར་བཊ་ལུ་ མཇལ་འཕྲད་གནང་ཡོདཔ།

སྤྱི་ཟླ་༤ པའི་ཚེས་ ༢༨ ༢༠༡༧

༉ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ ད་ས་དྲོ་པ་ རྒྱ་གར་གྱི་དམག་སྡེའི་འགོ་འཛིན་ གུང་བློན་བི་པཱིན་ར་བཊ་ལུ་ མཇལ་འཕྲད་གནང་ནུག

གུང་བློན་འདི་ ཉིན་གྲངས་༤གི་གཟིགས་བསྐོར་གྱི་དོན་ལས་ ཁ་ཙ་ རྒྱལ་ཁབ་ནང་ལུ་ལྷོད་དེ་ཡོདཔ་ཨིན།

གུང་བློན་ བི་པཱིན་ར་བཊ་གིས་ སྤྱི་ལོ་༡༩༧༨ལས་ རྒྱ་གར་གྱི་དམག་སྡེ་ནང་ལུ་འཛུལ་ཡོདཔ་དང་ ཁོ་གིས་ ན་ཧིང་སྤྱི་ཟླ་༡༢པའི་ནང་ དམག་སྡེ་གཙོ་འཛིན་གྱི་གོ་གནས་འདི་བཞེས་ནུག

ཁོ་གིས་ རྒྱ་གར་དམག་སྡེ་གི་ རྟགས་མ་ཁག་ལེ་ཤ་ཅིག་ཐོབ་ཡོདཔ་དང་ ཁོ་གིས་ ཕི་ལོ་སོ་ཕི་གི་ནང་ལུ་ དྲོག་ཊེཌ་གི་ ཤེས་ཡོན་སྦྱང་ཡོདཔ་ཨིན་མས།