གཟའ་མིག་དམར། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༢༣

རུལ་བཏུབ་པའི་བགོ་ལ་ འགོ་དང་པ་བཏོན་ཏེ་ཡོདཔ།

སྤྱི་ཟླ་༤ པའི་ཚེས་ ༡༣ ༢༠༡༧

  ༉ མཐའ་འཁོར་ལུ་ གནོད་པ་མར་ཕབ་འབད་ནི་ལུ་ བརྩོན་ཤུགས་བསྐྱེད་མི་དང་འབྲེལ་ ཚོང་ལཱ་འབད་མི་ཅིག་ཨིན་མི་ ཅཱནད་རི་ཀ་ཏཱ་མང་གིས་ མཐའ་འཁོར་ལུ་གནོད་པ་མེདཔ་སྦེ་ རུལ་བཏུབ་པའི་ བགོ་ལ་ འགོ་དང་པ་ཚུ་ བཏོན་ཡོདཔ་ཨིན།

ཐོན་སྐྱེད་འདི་ཚུ་ཡང་ ཁ་ཙ་ རྒྱལ་ས་ལུ་སྦེ་ མི་དབང་རྒྱལ་པོའི་སྲསམོ་ གཡུ་འཕེལ་མ་ཆོས་སྒྲོན་དབང་ཕྱུག་མཆོག་གིས་ འགོ་འབྱེད་མཛད་གནང་ཡི།

བགོ་ལ་འདི་ཚུ་ཡང་ རང་བཞིན་གྱི་ཚོས་དང་ འབྲུག་པའི་རང་ལུགས་ཐགས་རིག་ཚུ་ མཉམ་སྡོམ་འབད་དེ་ བཟོ་བཟོཝ་ཨིན་མས།

གྱོན་ཆོས་ཀྱི་བཟོ་བཀོདཔ་ ཅཱནད་རི་ཀ་ཏཱ་མང་གིས་སླབ་མི་ནང་ ཁ་ཤ་གི་གི་བགོ་ལ་ཚུ་ ཆུ་འཁྱུ་བའི་སྐབས་ འགྱིབ་ཀྱི་སྐུདཔ་ཚུ་འཐོན་ཏེ་ རྒྱ་མཚོ་ནང་འགྱོ་སྟེ་ འདི་ནང་གི་སྲོག་ཆགས་ཚུ་ལུ་ གནོད་པ་ཡོད་ཟེར་བཤད་ཅི།

ཨིན་རུང་ རང་བཞིན་གྱི་ཚོས་བརྐྱབ་མི་ནང་ལུ་ རྒྱུ་ཆ་ཚུ་ག་ར་ རང་བཞིན་ལས་འཐོན་མི་ཚུ་ལག་ལེན་འཐབ་སྟེ་ཡོདཔ་ལས་ འདི་གིས་ ཆུ་ལུ་ཡང་ གནོད་པ་ག་ནི་ཡང་མི་འོང་ཟེར་ཨིན་མས།

ད་རུང་ ཅཱནད་རི་ཀ་ཏཱ་མང་གིས་སླབ་མི་ནང་ མོ་གིས་བཟོ་ཡོད་མི་ བགོ་ལ་འདི་ཚུ་ རུལ་ནིའི་དོན་ལས་ དུས་ཚོད་གངམ་ མི་འགོར་ཟེར་བཤད་ཅི།

ཐོན་སྐྱེད་འདི་ཚུ་ འགོ་འབྱེད་གནང་མི་དང་འབྲེལ་ གྱོན་ཆས་གྱི་འགྲེམ་སྟོན་ལས་རིམ་ཅིག་ཡང་ འགོ་འདྲེན་འཐབ་ཡོདཔ་ཨིན།

བགོ་ལ་འདི་ཚུ་ རྒྱལ་འཛིན་ཐགས་རིག་སྤེལ་ཁང་ནང་ལུ་ ཟླཝ་༣་གི་རིང་ འགྲེམ་སྟོན་འབད་དེ་ བཞག་ནི་ཨིན་མས།