གཟའ་ལྷག་པ། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༡༧

སློབ་གཉེར་གྲོགས་རམ་འཕྲོ་འཐུད།

སྤྱི་ཟླ་༣ པའི་ཚེས་ ༣༡ ༢༠༡༧

༉ སི་རི་ལང་ཀ་ལུ་ཡོད་པའི་ སཱར་ཇཱོན་ཀོ་ཊི་ཝ་ལ་དམག་སྡེ་གཙུག་ལག་སློབ་སྡེ་འདི་གིས་ གསོ་བའི་ཤེས་ཡོན་དང་ གཞན་ཤེས་ཡོན་སྦྱང་མི་ འབྲུག་པའི་སློབ་ཕྲུག་ཚུ་ལུ་ སློབ་གཉེར་གྲོགས་རམ་ཚུ་ འཕྲོ་འཐུད་དེ་ར་བྱིན་ནི་ཨིན་མས།

འདི་གི་དོན་ལས་ གོ་བརྡའི་ཆིངས་ཡིག་འདི་ ད་ལས་ཕར་ ལོ་གསུམ་གྱི་དོན་ལས་སྦེ་ བསྐྱར་གསོ་འབད་ཡོདཔ་ཨིན།

གོ་བརྡའི་ཆིངས་ཡིག་ འགོ་དང་པ་འདི་ སྤྱི་ལོ་༢༠༡༤ལུ་ མཚན་རྟགས་བཀོད་དེ་ཡོདཔ་ཨིན་མས།

གཙུག་ལག་སློབ་སྡེ་འདི་གིས་ རང་གི་ཟད་འགྲོ་བཏང་ནི་དང་ ཟད་འགྲོ་ཕྱེད་ཀ་བཏང་ནི་སྦེ་ གསོ་བའི་ཤེས་ཡོན་གྱི་དོན་ལས་ སློབ་ཕྲུག་༡༥དང་ གཞན་མི་ཤེས་ཡོན་ལས་རིམ་ཚུ་གི་དོན་ལས་ ༡༠ལུ་ སློབ་གཉེར་གྲོགས་རམ་བྱིན་དོ་ཡོདཔ་ཨིན་མས།

ད་རེས་ གཙུག་ལག་སློབ་སྡེ་འདི་ནང་ལུ་ གསོ་བའི་ཤེས་ཡོན་སྦྱང་མི་ འབྲུག་པའི་སློབ་ཕྲུག་༤༣འདུག

འདི་བཟུམ་སྦེ་ གཙུག་ལག་སློབ་སྡེ་འདི་གིས་ དུས་ཅི་ལས་འགོ་བཙུགས་ཏེ་ ཁྲིམས་སྲུང་འགོ་དཔོན་གྱི་དོན་ལས་ སློབ་གཉེར་གྲོགས་རམ་ཧྲིལ་བུ་གཉིས་ཡང་ བྱིན་ནི་ཨིན་མས།