གཟའ་ཉི་མ། ༢༠༡༧ ཟླ་༡༢ པའི་སྤྱི་ཚེས་༡༦

ཞིབ་དཔྱད་ལོག་འབད་མི་འདི་གིས་ བསྟན་འབྲུག་སློབ་གྲྭ་ལུ་ ཁ་ཉེས་བཀལ་མི་འདི་ བདེན་པ་ཡོདཔ་སྦེ་ མཐོང་ཡོདཔ།

སྤྱི་ཟླ་༣ པའི་ཚེས་ ༣༠ ༢༠༡༧

༉ ཤེས་རིག་ལྷན་ཁག་གིས་ བསམ་རྩེ་ལུ་ བསྟན་འབྲུག་སློབ་གྲྭ་ལྟེ་བའི་ སྤྱི་དོན་ཁང་ནང་ལུ་ སྤྲོ་སྟོན་ལས་རིམ་ཅིག་ འགོ་འདྲེན་འཐབ་སྟེ་ཡོད་པའི་སྐོར་ལས་ ཞིབ་དཔྱད་ཅིག་ ལོག་སྟེ་འགོ་འདྲེན་འཐབ་པའི་སྐབས་ དབུ་འཛིན་འདི་ལུ་ སྤྲོ་སྟོན་ལས་རིམ་ འགོ་འདྲེན་འཐབ་བཅུག་སྟེ་ཡོད་པའི་ འཛོལ་བ་ཡོདཔ་སྦེ་མཐོང་ནུག

ཞིབ་དཔྱད་སྙན་ཞུ་དང་འཁྲིལཔ་ད་ ཁ་ཉེས་བཀལ་ཏེ་ཡོད་མི་ཚུ་ བདེན་པ་ཡོདཔ་སྦེ་ཨིནམ་མ་ཚད་ ད་རེས་ཀྱི་ ཟླཝ་འགོ་བཙུགས་ཁམས་ལུ་ སློབ་གྲྭ་འདི་ནང་ལུ་ ཞབས་ཁྲ་འཐེན་ནི་དང་བརྐྱབ་ནི་ དེ་ལས་ ཀ་རི་ཡོ་ཀི་ཚུ་ འགོ་འདྲེན་འཐབ་ཡོདཔ་སྦེ་མཐོང་ནུག

ད་རུང་ ཞིབ་དཔྱད་དང་འཁྲིལཔ་ད་ སྤྲོ་སྟོན་ལས་རིམ་གྱི་སྐབས་ལུ་ ཆང་བཙོང་ནི་ཚུ་ཡང་ འབད་བཅུག་ནུག་ཟེར་ཨིན་མས།

ཨིན་རུང་ སྙན་ཞུ་དང་འཁྲིལཔ་ད་ ལས་རིམ་འདི་ནང་ལུ་ སློབ་དཔོན་དང་སློབ་ཕྲུག་ཚུ་ ག་ཡང་ གྲལ་ཁར་མིན་འདུག་ཟེར་ཨིན་མས།

ཞིབ་དཔྱད་ཀྱི་སྐབས་ སྤྲོ་སྟོན་ལས་རིམ་ འགོ་འདྲེན་འཐབ་ནི་འདི་ བསྟན་འབྲུག་རྒཔོ་གིས་ གནས་སྐབས་བཏོན་ཡོདཔ་ཨིནམ་ད་ ལས་རིམ་འགོ་འདྲེན་འཐབ་ནི་གི་ནང་ལུ་ འགན་ཁུར་མང་ཤོས་ཅིག་ རྒྱལ་གཞུང་བསྟན་སྲུང་དམག་སྡེ་གིས་ འབག་ཡོདཔ་སྦེ་མཐོང་ནུག

ད་རུང་ ཞིབ་དཔྱད་ཀྱི་སྐབས་ སློབ་གྲྭའི་ས་སྒོ་ནང་ལུ་ སྤྲོ་སྟོན་ལས་རིམ་འགོ་འདྲེན་འཐབ་ནི་གི་ གནང་བ་དོན་ལུ་ གྲོས་ཐག་བཅད་ནི་ནང་ སློབ་གྲྭའི་འཛིན་སྐྱོང་དང་སློབ་དཔོན་ཚུ་ ག་ཡང་གྲལ་ཁར་མེདཔ་སྦེ་མཐོང་ནུག