གཟའ་པ་སངས། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༡༩

ཀརྨ་གླིང་སློབ་གྲྭ་ཆུང་བ་ནང་ལུ་ སྤོ་རོ་དཀར་ཅུང་ཐོན་ཏེ་ཡོདཔ།

སྤྱི་ཟླ་༣ པའི་ཚེས་ ༣༠ ༢༠༡༧

༉ དར་དཀར་ན་རྫོང་ཁག་ ལྷ་མོའི་རྫིང་ཁ་དྲུང་ཁག་འོག་གི་ ཀརྨ་གླིང་སློབ་གྲྭ་ཆུང་བའི་སློབ་དཔོན་༡་དང་ སློབ་ཕྲུག་༣༠་ལུ་ ནད་གཞི་སྤོ་རོ་དཀར་ཅུང་ཐོབ་སྟེ་འདུག

ཀརྨ་གླིང་སློབ་གྲྭ་ཆུང་བའི་དབུ་འཛིན་ ཇིད་བྷ་དུར་གུ་རུང་གིས་སླབ་མི་ནང་ སྤོ་རོ་དཀར་ཅུང་ཐོབ་སྟེ་ཡོད་མི་སློབ་དཔོན་དང་སློབ་ཕྲུག་ཚུ་ལུ་ སྨན་བཅོས་ཚུ་འབད་དེ་ཡོད་ཟེར་ཨིན་མས།

ད་རུང་ ནད་གཞི་འདི་ སློབ་ཕྲུག་གཞན་མི་ཚུ་ལུ་ སྤེལ་ནི་ལས་བཀག་ཐབས་འབད་ནི་གི་དོན་ལས་ སློབ་ཕྲུག་ནདཔ་འདི་ཚུ་ མ་དྲག་ཚུན་ ངལ་གསོ་འབྱིན་ཏེ་ཡོདཔ་སྦེ་ཨིན་མས།

སྤོ་རོ་དཀར་ཅུང་འདི་ གཅིག་གིས་གཅིག་ལུ་འབུ་བའི་ནད་གཞི་ཅིག་ཨིནམ་ད་ ནད་གཞི་འདི་གིས་ རྨ་ཅུངམ་ཐོན་ཏེ་གཡའ་དོ་ཡོདཔ་མ་ཚད་ དྲོད་འབར་ཡང་ རྐྱབ་ཨིན་མས།

ལྷ་མོའི་རྫིང་ཁ་གསོ་བའི་གཞི་རྟེན་སྨན་ཁང་གི་དྲུང་འཚོ་ རྒྱལ་མཚན་དབང་འདུས་ཀྱིས་སླབ་མི་ནང་ ནད་གཞི་འདི་གིས་ ཨ་ལོ་ཚུ་ལུ་ཐོབ་དོ་ཡོདཔ་སྦེ་ཨིནམ་ད་ འདི་ཡང་ བརྒྱ་ཆ་༩༠་དེ་ཅིག་རང་ ཨ་ལོ་སྐྱེས་ལོ་༡༠་དམན་ཆད་འབད་མི་ཚུ་ལུ་ཐོབ་ཟེར་བཤད་ཅི།

ཀརྨ་གླིང་སློབ་གྲྭ་ཆུང་བ་ནང་ལུ་ ད་རེས་ སློབ་ཕྲུག་༡༧༠་ལྷགཔ་ཅིག་འདུག