གཟའ་པ་སངས། ༢༠༡༧ ཟླ་༡༢ པའི་སྤྱི་ཚེས་༡༤

སྟབས་སྦྱིས་གཡུས་ཚན་གྱི་མི་ཚུ་ བྱ་གསོ་སྐྱོང་གི་ལཱ་ལུ་བལྟ་སྟེ་ སེམས་མ་དགའ་བར་ཡོདཔ།

སྤྱི་ཟླ་༢ པའི་ཚེས་ ༢༨ ༢༠༡༧

༉ ཆུ་ཁ་རྫོང་ཁག་ དར་ལ་རྒེད་འོག་ སྟབས་སྦྱིས་གཡུས་ཚན་གྱི་མི་སེར་ཚུ་ ཁོང་རའི་ བྱ་གསོ་སྐྱོང་གི་ལཱ་ལུ་བལྟ་སྟེ་ སེམས་མ་དགའ་བར་འདུག

འདི་ཡང་ ཁོང་གིས་འབད་བ་ཅིན་ བྱའི་ཟེན་གྱི་གོང་ཚད་ མཐོ་དྲག་སྦེ་སླབ་མི་དང་ སྒོང་རྡོ་གི་གོང་ཚད་ དམའ་སུ་སྦེ་འཐོབ་མི་ལུ་བརྟེན་ ཁོང་ཆ་ཁྱབ་ལུ་ རྒུད་ཕོགསཔ་མས་ཟེར་བཤད་ཅི།

 གཡུས་ཁའི་མི་ཚུ་གིས་སླབ་མི་ནང་ ད་རེས་ སྒོང་རྡོ་ཀྲེ་རེ་རེ་གིས་ གོང་ཚད་དངུལ་ཀྲམ་༡༦༠་རྐྱངམ་ཅིག་འཐོབ་དོ་ཡོད་རུང་ བྱའི་ཟེན་ཀེ་ལྗིད་༥༠་ལུ་ དངུལ་ཀྲམ་༡༤༠༠་ལྷགཔ་རེ་ སྤྲོད་དགོཔ་ཐོན་མས་ཟེར་བཤད་ཅི།

ད་རུང་ ཁོང་གིས་འབད་བ་ཅིན་ ཟེན་ཀེ་ལྗིད་༥༠་གིས་ ཉིནམ་༣་དང་༤་གི་བར་ན་རྐྱངམ་ཅིག་ ལངས་ཚུགས་དོ་ཡོདཔ་ལས་ཚོང་འབྲེལ་ལུ་ ཐོ་ཕོགས་དོ་ཟེར་ཨིན་མས།

དར་ལ་རྒེད་འོག་གི་ སྟབས་སྦྱིས་གཡུས་ཚན་འདི་ནང་ལུ་ བྱ་གསོ་སྐྱོང་ཁང་བཙུགས་མི་ ཁྱིམ་གུང་པ་༡༢་འདུག

གཡུས་ཁའི་མི་ཚུ་གིས་ བྱ་གསོ་སྐྱོང་གི་ལཱ་འདི་ཡང་ གཞུང་ལས་ འཕྲུལ་རིག་གི་རྒྱབ་བསྐྱོར་ལེན་ཏེ་ འགོ་བཙུགས་ཡོདཔ་ཨིན་མས།