གཟའ་མིག་དམར། ༢༠༡༧ ཟླ་༡༢ པའི་སྤྱི་ཚེས་༡༨

ཐིམ་ཕུག་ལྕང་སྦང་གྲུ་གི་ས་གནས་འདི་ མི་ཚུ་གིས་ ཕྱགས་སྙིགས་ག་ལྷོད་ས་བཀོད་སའི་ ས་སྒོ་ཅིག་ལུ་འགྱུར་ཏེ་ཡོདཔ།

སྤྱི་ཟླ་༡ པའི་ཚེས་ ༣༡ ༢༠༡༧

༉ ཐིམ་ཕུག་ ལྕང་སྦང་གྲུ་ལུ་ མི་ཚུ་གིས་ཁྲིམས་འགལ་གྱི་ཐོག་ལས་ ཕྱགས་སྙིགས་ག་ལྷོད་ས་ བཀོག་དོ་ཡོད་མི་ལུ་བརྟེན་ ས་གནས་འདི་ནང་གི་མི་ཚུ་ ཚ་འགྱང་ལང་སྟེ་འདུག

ཕྱགས་སྙིགས་འཛིན་སྐྱོང་གི་སྐོར་ལས་ གོ་བ་བརྡ་སྤྲོད་ཚུ་འབད་དེ་ ཉེས་བྱ་འདི་ཚུ་སྐྱེལ་ཏེ་ར་འབད་རུང་ ཐིམ་ཕུག་ལུ་སྡོད་མི་ ལ་ལུ་ཅིག་གིས་་ད་ལྟོའི་བར་ན་ཡང་ ཁྲིམས་འགལ་གྱི་ཐོག་ལས་ ཕྱགས་སྙིགས་འདི་ཚུ་བཀོག་དོ་ཡོདཔ་སྦེ་ཨིན་མས།

ལྕང་སྦང་གྲུ་གི་ས་གནས་འདི་ མི་ཚུ་གིས་ ཁྲིམས་འགལ་གྱི་ཐོག་ལས་ ཕྱགས་སྙིགས་བཀོག་སའི་ ས་སྒོ་ཅིག་ལུ་འགྱུར་ཏེ་འདུག

མི་ཚུ་གིས་ དེ་སྦེ་ ཁྲིམས་འགལ་གྱི་ཐོག་ལས་ ཕྱགས་སྙིགས་ག་ལྷོད་ས་ བཀོག་དོ་ཡོད་མི་ལུ་བརྟེན་ ས་གནས་འདི་ནང་གི་མི་ཚུ་གིས་ བལྟ་བརྟོག་འབད་མི་ སྲུང་རྒྱབ་ཅིག་བཙུགས་ཏེ་ཡོད་རུང་ ད་རེས་ གནམ་གཤིས་སིལ་དྲག་སྦེ་ཡོད་ནི་འདི་གིས་ དཀའ་ངལ་སྦོམ་སྦེ་ར་བྱུང་དོ་ཡོདཔ་ཨིན་མས།

གནད་དོན་འདི་གི་སྐོར་ལས་ ཁྲོམ་སྡེ་འགོ་དཔོན་ཚུ་གིས་སླབ་མི་ནང་ ས་གནས་འདི་ནང་ ཕྱགས་སྙིགས་ཚུ་ མང་ཤོས་ཅིག་རང་ འགྲུལ་འཕྲིན་གྱི་རྩིས་ཤོག་ཚུ་ཡོདཔ་ལས་ ཁྲོམ་སྡེ་གིས་ འབྲུག་བརྒྱུད་འཕྲིན་ལས་ རྒྱབ་སྐྱོར་ལེན་ཏེ་ འགྲུལ་འཕྲིན་ཨང་ཚུ་འཚོལ་ནི་ཟེར་བཤད་ཅི།

འདི་བཟུམ་སྦེ་ ཁྲིམ་སྡེ་གིས་ ས་གནས་འདི་ནང་ལུ་ སི་སི་ཀྲི་ཝི་པར་ཆས་ཚུ་ཡང་ བཙུགས་ནི་གི་ འཆར་གཞི་བརྩམ་ཏེ་འདུག
ཕྱགས་སྙིགས་སྔོན་འགོག་དང་འཛིན་སྐྱོང་གི་སྒྲིག་གཞི་༢༠༡༢ཅན་མ་དང་འཁྲིལཔ་ད་ ཁྲིམས་འགལ་གྱི་ཐོག་ལས་ ཕྱགས་སྙིགས་བཀོག་མི་ཚུ་ལུ་ ཕྱགས་སྙིགས་ཀྱི་ མང་ཉུང་དང་བསྟུན་ ཉེས་བྱ་ དངུལ་ཀྲམ་༡༠༠ལས་ སྟོང་ཕྲག་༢༠གི་བར་ན་ ཕོག་ནི་སྦེ་ཡོདཔ་ཨིན།