གཟའ་པ་སངས། ༢༠༡༧ ཟླ་༡༢ པའི་སྤྱི་ཚེས་༡༤

སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ བསམ་གྲུབ་ལྗོངས་མཁར་གྱི་ ལོ་བསྟར་སྨོན་ལམ་ཆེན་མོ་འདི་ དབུ་བཞུགས་མཛད་གནང་དོ་ཡོདཔ།

སྤྱི་ཟླ་༡ པའི་ཚེས་ ༣༡ ༢༠༡༧

༉ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ ཁ་ཙ་ལས་འགོ་བཙུགས་ཏེ་ བསམ་གྲུབ་ལྗོངས་མཁར་གྱི་ ལོ་བསྟར་སྨོན་ལམ་ཆེན་མོ་ ཐེངས་༣པ་འདི་ དབུ་བཞུགས་མཛད་གནང་དོ་ཡོདཔ་ཨིན།

སྨོན་ལམ་ཆེན་མོ་འདི་ཡང་ སྤྱིར་རྒྱལ་ཁབ་ཀྱི་ཞི་བདེ་དང་ ལྷག་པར་དུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་དང་ མི་དབང་རྒྱལ་བཙུན་མཆོག་ དེ་ལས་ མི་དབང་རྒྱལ་སྲས་མཆོག་གི་ ཞི་བདེ་ལུ་དམིགས་ཏེ་ གནངམ་ཨིན་མས།

སྨོན་ལམ་ཆེན་མོ་གནང་ས་ལུ་ དད་ཅན་གྱི་མི་ སྟོང་ཕྲག་ལྷགཔ་ཅིག་ འཛོམས་ཏེ་ཡོདཔ་ཨིན་མས།

སྨོན་ལམ་ཆེན་མོ་འདི་ཡང་ ཤུལ་མའི་གཟའ་མིག་དམར་གྱི་ཚེས་ མི་དམངས་ལུ་ ཁྲོམ་དབང་ཅིག་གནང་སྟེ་སྦེ་ གྲོལ་གནང་ནི་གི་ལས་རིམ་འདུག