གཟའ་མིག་དམར། ༢༠༡༨ ཟླ་༧ པའི་སྤྱི་ཚེས་༡༦

མི་དབང་རྒྱལ་ཚབ་མཆོག་གིས་ ཀཱེམཔ་རེ་བཱེན་ལས་རིམ་ མཇུག་བསྡུ་རྟེན་འབྲེལ་ནང་ལུ་ དབུ་བཞུགས་མཛད་གནང་་ཡོདཔ།

སྤྱི་ཟླ་༡༢ པའི་ཚེས་ ༣༡ ༢༠༡༦

༉ མི་དབང་རྒྱལ་ཚབ་ འཇིགས་མེད་རྡོ་རྗེ་དབང་ཕྱུག་མཆོག་གིས་ ཁ་ཙ་ ཐིམ་ཕུག་ ལྕང་གླིང་མའི་ཐང་ནང་ལུ་ཀཱེམཔ་རེ་བཱེན་ཟེར་མི་ལས་རིམ་ མཇུག་བསྡུ་བའི་རྟེན་འབྲེལ་ནང་ལུ་ དབུ་བཞུགས་མཛད་གནང་ཡི།

ལས་རིམ་འདི་ནང་ལུ་ མི་གྲངས་༧༠༠དེ་ཅིག་གིས་ གྲལ་ཁར་གཏོགས་ནུག

ལས་རིམ་འདི་ནང་ལུ་ བཅའ་མར་གཏོས་མི་ཚུ་གིས་ རྩེད་རིག་དང་ཞབས་ཁྲ་ དེ་ལས་ སྒྱུ་རྩལ་གྱི་ལས་རིམ་ཚུ་ནང་ གྲལ་ཁར་གཏོགས་ཡོདཔ་མ་ཚད་ ཁྱད་རིག་མ་འདྲཝ་ཚུ་ནང་ལས་ མཁས་དབང་ཚུ་གིས་ གསལ་བཤད་འབད་ས་ལུ་ཡང་ གྲལ་ཁར་གཏོགས་ཡོདཔ་ཨིན།

ཀཱེམཔ་རེ་བཱེན་ཟེར་མི་ལས་རིམ་འདི་ཡང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ དམག་སྡེའི་ཨ་ལོ་ཚུ་གི་ གནམ་དགུན་གྱི་ངལ་གསོའི་སྐབས་ དོན་དག་ཡོད་པའི་ལཱ་ཚུ་ནང་ གྲལ་ཁར་གཏོགས་བཞག་ནི་གི་དོན་ལས་ སྤྱི་ལོ་༢༠༡༢ལུ་ གཞི་བཙུགས་གནང་ཡོདཔ་ཨིན།

དེ་བཟུམ་མའི་ལས་རིམ་ ཅོག་ཐདཔ་ཅིག་ ཤུལ་མའི་བདུན་ཕྲག་ནང་ལས་ བསམ་གྲུབ་ལྗོངས་མཁར་ལུ་ཡང་ འགོ་འདྲེན་འཐབ་ནི་ཨིན་མས།