གཟའ་པ་སངས། ༢༠༡༧ ཟླ་༡༢ པའི་སྤྱི་ཚེས་༡༤

སྡེབ་གཙང་གི་མི་སེར་ཚུ་གིས་ སྔོ་ཤིང་བཙུགས་བཞིནམ་ལས་ འོང་འབབ་བཟོ་ནི་གི་ལཱ་འབད་དོ་ཡོདཔ།

སྤྱི་ཟླ་༡༢ པའི་ཚེས་ ༣༠ ༢༠༡༦

༉ བསམ་གྲུབ་ལྗོངས་མཁར་རྫོང་ཁག་ གསེར་ཐིག་རྒེད་འོག་ སྡེབ་གཙང་གཡུས་ཚན་གྱི་མི་སེར་ཚུ་གིས་ ཐོག་བསམ་ཟེར་མི་ སྔོ་ཤིང་འདི་ བཙུགས་བཞིནམ་ལས་ འོང་འབབ་བཟོ་ནི་གི་ལཱ་ཚུ་འབད་བའི་བསྒང་འདུག

སྡེབ་གཙང་གཡུས་ཚན་གྱི་ཚུ་གིས་སླབ་མི་ནང་ ཁོང་ཆ་ཁྱབ་ཀྱིས་ སྔོ་ཤིང་འདི་ལས་བརྟེན་ཏེ་ འོང་འབབ་བཟོ་ནི་གི་རྩིས་རྐྱབ་མི་འདི་ཡང་ ངོ་མ་རང་ མི་ཚེའི་གནས་སྟངས་ཡར་དྲག་བཏང་ནི་གི་དོན་ལས་ཨིན་ཟེར་བཤད་ཅི།

ད་རུང་ཁོང་གིས་འབད་བ་ཅིན་ གཡུས་ཁ་ལུ་ ཚེས་བཅུ་འབུམ་སྡེ་ཚུ་སྲུང་པའི་སྐབས་ མ་དངུལ་གྱི་དཀའ་ངལ་ཐོན་དོ་ཡོདཔ་ལས་ དཀའ་ངལ་འདི་ཚུ་ སེལ་ནི་གི་དོན་ལས་ཨིན་ཟེར་བཤད་དེ་ཡོདཔ་ཨིན།

སྡེབ་གཙང་གཡུས་ཁའི་མི་ཚུ་གིས་ སྔོ་ཤིང་འདི་གི་དོན་ལས་ ད་རེས་ སྡེ་ཚན་གཅིག་བཟོ་སྟེ་ སྔོ་ཚལ་འཛུགས་སྐྱོང་གི་ཁྱིམ་ནང་ལུ་ སྔོ་ཤིང་སྟོང་ཕྲག་༣་དེ་ཅིག་ བཙུགས་ཏེ་འདུག

སྔོ་ཤིང་འདི་ སྨན་གྱི་རིགས་ཅིག་ང་འབདཝ་ལས་ མགུ་ཏོ་ནཝ་ད་དང་ འདྲོད་བར་རྐྱབ་ད་ དེ་ལས་ མེ་གིས་འཚིགཔ་ད་དང་ རྨ་བཏོན་པའི་སྐབས་ལུ་ ལག་ལེན་ཐབ་དོ་ཡོདཔ་མ་ཚད་ སྒོ་ནོར་གྱི་ནད་གཞི་ལེ་ཤཱ་ཅིག་ལུ་ཡང་ ཕན་ཐོག་ཡོདཔ་སྦེ་ཨིན་མས།

སྡེ་ཚན་འདི་གི་འཐུས་མི་ཚུ་གིས་སླབ་མི་ནང་ སྔོ་ཤིང་འདི་གི་ཀེ་བ་སྐམ་སྟེ་བཙོང་པའི་སྐབས་ ཀེ་བ་ཀེ་ཇི་རེ་ལུ་ གོང་ཚད་དངུལ་ཀྲམ་སྟོང་ཕྲག་༤་དེ་རེ་ཐོབ་ཚུགས་ཟེར་བཤད་ཅི།

གསེར་ཐིག་རྒེད་འོག་གི་ སྡེབ་གཙང་གཡུས་ཚན་འདི་ བསམ་གྲུབ་ལྗོངས་མཁར་རྫོང་ཁག་ ཇོ་མོ་གཙང་ཁ་དྲུང་ཁག་ལས་ ལའུ་རི་ཁ་ཐུག་འགྱོ་སའི་ལམ་ཁར་ཆགས་ཏེ་འདུག