གཟའ་པ་སངས། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༡༩

སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གི་ གནམ་དགུན་གྱི་བཞུགས་གནས་ སྤུ་ན་ཁ་ལུ་ གསོལ་ཐབས་བྱོན་གནང་ཡོདཔ།

སྤྱི་ཟླ་༡༡ པའི་ཚེས་ ༣༠ ༢༠༡༦

central-monastic-body-leaves-for-winter-residence༉ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གི་ དབུ་བཞུགས་མཛད་དེ་ སློབ་དཔོན་ལྔཔོ་དང་ གཞུང་གྲྭ་ཚང་གི་དགེ་སློང་ཚུ་གིས་ ཁ་ཙ་ གནམ་དགུན་གྱི་བཞུགས་གནས་ སྤུ་ན་ཁ་ལུ་ གསོལ་ཐབས་བྱོན་གནང་ཡོདཔ་ཨིན།

སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ དབུ་བཞུགས་མཛད་དེ་ གཞུང་གྲྭ་ཚང་གི་དགེ་སློང་ཚུ་གིས་ ད་ལས་ཕར་ ཟླཝ་༦གི་རིང་ལུ་ སྤུ་ན་ཁ་ལུ་བཞུགས་ཞིནམ་ལས་ རང་ཟླ་༤པའི་ཚེས་༡ལུ་ ལོག་སྟེ་ ཐིམ་ཕུག་ལུ་ གསོལ་ཐབས་བྱོན་ནི་ཨིན་མས།

གཞུང་གྲྭ་ཚང་གིས་ གནམ་དགུན་དང་གནམ་བྱཱར་གྱི་བཞུགས་གནས་ལུ་ འདི་བཟུམ་གྱི་ གསོལ་ཐབས་བྱོན་ནི་གི་སྲོལ་འདི་ཡང་ དུས་རབ་༡༧པའི་ནང་ ཞབས་དྲུང་ངག་དབང་རྣམ་རྒྱལ་མཆོག་གིས་ འགོ་བཙུགས་གནང་ཡོདཔ་ཨིན་མས།central-monastic-body-leaves-for-winter-residence

གསོལ་ཐབས་བྱོན་ནི་གི་ལས་རིམ་དང་འབྲེལ་ཏེ་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ ཐིམ་ཕུག་ རྒྱལ་ཡོངས་རྗེས་དྲན་མཆོད་རྟེན་ལུ་སྦེ་ གུ་རུ་རིན་པོ་ཆེ་གི་ སྐུ་འདྲ་སྟོང་ཕྲག་༡ རབ་གནས་མཛད་གནང་ནུག

གུ་རུའི་སྐུ་འདྲ་ཚུ་ཡང་ ཧཱ་རྫོང་ཁག་ སོམ་སྦས་ཁ་རྒེད་འོག་ མོ་ཆུ་གཡུས་ཚན་གྱི་ མི་སེར་ཚུ་གིས་ མ་དངུལ་ཞལ་འདེབས་ཕུལ་ཏེ་སྦེ་ བཞེངས་ཡོདཔ་དང་ སྐུ་འདྲ་ཚུ་ ཧཱ་གི་ ཕུན་ཚོགས་དར་རྒྱས་གླིང་ལྷ་ཁང་ནང་ལུ་བཞག་ནི་ཨིན་མས།

འདི་བཟུམ་སྦེ་ ཐིམ་ཕུག་ལུ་ རྒྱལ་མཚན་སྤྲུལ་སྐུ་གི་དབུ་བཞུགས་ཐོག་ལས་ བདུན་ཕྲག་གཅིག་གི་རིང་ ཨོམ་ཨཱ་མི་བདེ་ཝ་ཧྲི་གདུང་སྒྲུབ་བསགས་མི་དང་ མདོ་མཐར་པ་ཆེན་པོའི་སྨོན་ལམ་གནང་མི་འདི་ཡང་ གྲོལ་ཡོདཔ་ཨིན།

སྨོན་ལམ་འདི་ གྲོལ་མི་དང་འབྲེལ་ཏེ་ མགོན་པོ་འོད་དཔག་མེད་དང་ ཚེ་དཔག་མེད་ཀྱི་དབང་ཞུ་ནི་གི་དོན་ལས་ དད་མོས་ཅན་གྱི་མི་སེར་ སྟོང་ཕྲག་ལས་བཅས་ཏེ་འཛོམས་ནུག