གཟའ་ལྷག་པ། ༢༠༡༧ ཟླ་༡༢ པའི་སྤྱི་ཚེས་༡༢

ཕུན་ཚོགས་གླིང་ལུ་སྡོད་མི་ཚུ་གིས་ རྒྱ་གར་གྱི་ཨེ་མ་ཚུ་ ད་ལྟོའི་བར་ན་ཡང་ ཟ་སྤྱོད་འབད་དོ་ཡོདཔ།

སྤྱི་ཟླ་༡༡ པའི་ཚེས་ ༣༠ ༢༠༡༦

plingresidentstillconsumingindianchili༉ རྒྱལ་ཁབ་ནང་ལུ་ རྒྱ་གར་རྒྱལ་ཁབ་ནང་ལས་ ཨེ་མ་ཧོནམ་ ནང་འདྲེན་འབད་མ་ཆོགཔ་སྦེ་ བཀག་དམ་འབད་མི་འདི་གིས་ མི་སེར་ཚུ་ལུ་ ཐོ་སྦོམ་སྦེ་ར་ཕོག་སྟེ་ཡོདཔ་ཨིན་རུང་ ཕུན་ཚོགས་གླིང་ལུ་འབད་བ་ཅིན་ གནས་སྟངས་འདི་ སོ་སོ་སྦེ་ར་ཡོདཔ་ཨིན་མས།

འདི་ཡང་ ང་བཅས་ཀྱི་གནས་ཚུལ་བསྡུ་ལེན་འབད་མི་ བསོད་ནམས་དཔལ་འབྱོར་གྱིས་སླབ་མི་ནང་ ཕུན་ཚོགས་གླིང་འདི་ ས་མཚམས་ཀྱི་ཁྲོམ་ཅིག་འབདཝ་ལས་ ཁྲོམ་འདི་ནང་གི་མི་སེར་ མང་ཤོས་ཅིག་ར་ ས་མཚམས་ཕར་ཁ་གི་ ཁྲོམ་ཁ་ལས་ ཨེ་མ་ཧོནམ་ཚུ་ ཉོ་འབག་འོང་ས་མཐོང་མས་ཟེར་ཨིན་མས།

ཕུན་ཚོགས་གླིང་ལུ་ཡོད་པའི་ འབྲུག་སོ་ནམ་དང་ཟ་སྤྱོད་ཁྲིམས་དོན་དབང་འཛིན་གྱི་ འགོ་དཔོན་ཚུ་གིས་ ཕྱི་ལས་ནང་འདྲེན་འབད་མི་ ཨེ་མ་ཧོནམ་འདི་ནང་ལུ་ བུབ་སྨན་ཚད་ལས་འགལ་ བླུག་སྟེ་ཡོད་ནི་འདི་གིས་ ཨེ་མ་འདི་ ཟ་སྤྱོད་འབད་བ་ཅིན་ གནོད་པ་ཡོད་པའི་སྐོར་ལས་ མི་སེར་ཚུ་ལུ་ གོ་བ་བརྡ་སྤྲོད་ཚུ་ འབད་དེ་ར་ཡོདཔ་སྦེ་ཨིན་མས།

འདི་མ་ཚད་ དབང་འཛིན་གྱིས་ དམིགས་བསལ་གྱི་ ཚོང་འབྲེལ་གྱི་དོན་ལུ་ ནང་འདྲེན་འབད་མི་ཚུ་ དམ་དམ་སྦེ་ར་ བལྟ་བརྟོག་འབད་དོ་ཡོདཔ་ཨིན་མས།

སོ་ནམ་དང་ནགས་ཚལ་ལྷན་ཁག་གིས་ དུས་ཅི་སྤྱི་ཟླ་༧པའི་ནང་ལས་ ཨེ་མ་ནང་འདྲེན་འབད་ནི་འདི་ བཀག་དམ་འབད་དེ་ཡོདཔ་ཨིན།

ཕུན་ཚོགས་གླིང་ལུ་སྡོད་མི་ཚུ་རྐྱངམ་ཅིག་མེན་པར་ ས་གནས་གཞན་ཚུ་ནང་ལས་ ཕུན་ཚོགས་གླིང་ལུ་འོང་སྟེ་རྒྱ་གར་གྱི་ས་མཚམས་ཁྲོམ་ ཇཱའི་གོང་ལས་ ཨེ་མ་ཧོནམ་ཚུ་ ཉོ་འབག་དོ་ཡོདཔ་ཨིན་མས།

ད་རེས་ ཇཱའི་གོང་ལུ་ ཨེ་མ་ཧོནམ་ཀེ་ཇི་རེ་ལུ་ དངུལ་ཀྲམ་༤༠ལས་ ༨༠གི་བར་ན་ གནས་དོ་ཡོདཔ་དང་ ཐིམ་ཕུག་ལུ་འབད་བ་ཅིན་ ཨེ་མ་ཧོནམ་ཀེ་ཇི་རེ་ལུ་ དངུལ་ཀྲམ་༤༠༠ ལུ་ ཡར་སེང་སོང་སྟེ་ཡོདཔ་ཨིན།