གཟའ་ལྷག་པ། ༢༠༡༧ ཟླ་༡༢ པའི་སྤྱི་ཚེས་༡༢

གསར་སྤང་ལུ་ གནམ་དགུན་གྱི་ཚོད་བསྲེ་ཚུ་ ཚོང་འབྲེལ་གྱི་གནས་ཚད་ཁར་ བཏོན་མ་ཚུགས་པར་ཡོདཔ།

སྤྱི་ཟླ་༡༡ པའི་ཚེས་ ༣༠ ༢༠༡༦

winterveggies༉ གསར་སྤང་རྫོང་ཁག་ནང་ལུ་ གནམ་དགུན་གྱི་ཚོད་བསྲེ་ཚུ་ ཚོང་འབྲེལ་གྱི་གནས་ཚད་ཁར་ བཏོན་མ་ཚུགས་མི་འདི་ རི་དྭགས་སེམས་ཅན་ཚུ་གིས་ གནོདཔ་བཀལ་མི་དང་ ལས་མི་མ་ལང་པའི་དཀའ་ངལ་ དེ་ལས་ ཆུ་ལངམ་སྦེ་མེད་མི་ལུ་བརྟེན་ཏེ་ཨིན་ཟེར་ ཁ་བཏང་དོ་ཡོདཔ་ཨིན་མས།

རྫོང་ཁག་འདི་ནང་ལུ་ རང་མགོ་རང་འདྲོངས་ སྒྲུབ་ཐབས་ཀྱི་དོན་ལས་ གནམ་དགུན་གྱི་ཚོད་བསྲེ་ ཚོང་འབྲེལ་འཐབ་ནི་འདི་ཡང་ སྤྱི་ལོ་༢༠༡༢ལས་ཚུར་ འགོ་བཙུགས་ཏེ་ཡོདཔ་ཨིན།

ཨིན་རུང་ ད་རེས་ རྫོང་ཁག་འདི་ནང་གི་ མི་སེར་ཤོས་ཅིག་གིས་རང་ དངུལ་ཐོག་གཞན་མི་གི་ལཱ་ཚུ་ འབད་དེ་འདུག

ད་རེས་ གནམ་དགུན་གྱི་དུས་ཚོད་འདི་ འགོ་བཙུགས་ཏེ་ཡོདཔ་ཨིན་རུང་ རྫོང་ཁག་འདི་ནང་ལུ་ གནམ་དགུན་གྱི་ ཚོད་བསྲེ་ཚུ་ ཁས་བླང་འབད་དེ་ཡོད་དོ་བཟུམ་སྦེ་ བཏོན་མ་ཚུགས་པར་འདུག

གནད་དོན་འདི་གི་སྐོར་ལས་ འཕྲལ་ཁམས་ཅིག་ཁར་ རྫོང་ཁག་ཚོགས་འདུ་ཚོགས་པའི་སྐབས་ལུ་ གསུང་གྲོས་གནང་ཡོདཔ་ཨིན་མས།

ད་རེས་ནངས་པ་ རྫོང་ཁག་འདི་ནང་གི་ མི་སེར་སོ་ནམ་པ་ཚུ་གིས་ འོང་འབབ་ཆེ་བའི་ ཚལ་ལུ་དང་ཨཱ་ལན་ཅི་ དེ་ལས་ རྡོག་མ་ཚོང་འབྲེལ་འཐབ་ནི་གི་ལཱ་ཚུ་ འབད་དོ་ཡོདཔ་ཨིན་མས།

མི་སེར་ཚུ་ལུ་ ཚོད་བསྲེ་གི་ལཱ་འབད་ནི་གི་དོན་ལས་ ཤལ་ཁྱིམ་དང་ཆུའི་མཐུན་རྐྱེན་ དེ་ལས་ སོན་ལ་སོགས་པ་ཚུ་ རྒྱབ་སྐྱོར་འབད་དེ་ཡོད་རུང་ མི་སེར་མང་ཤོས་ཅིག་གིས་རང་ ཚོད་བསྲེ་གི་ལཱ་འབད་ནི་ལུ་ སྤྲོ་བ་མི་བསྐྱེད་དོ་ཡོདཔ་ཨིན་མས།

འདི་མ་ཚད་ རྫོང་ཁག་སོ་ནམ་ལས་ཚན་གྱིས་ ཆུ་བསགས་བཞག་ནི་གི་དོན་ལས་ ཧོད་ཚུ་ཡང་ བགོ་བཀྲམ་འབད་དེ་འདུག

ནཱ་ཧིང་ གསར་སྤང་རྫོང་ཁག་ནང་ལུ་ གནམ་དགུན་གྱི་ཚོད་བསྲེ་ སྣུམ་འཁོར་ཀྲག་༩༤དེ་ཅིག་ བཏོན་ཚུགས་ཏེ་ཡོདཔ་ཨིན་རུང་ དུས་ཅི་ གྱངས་ཁ་འདི་ མར་ཕབ་འགྱོ་ནི་བཟུམ་ཅིག་ཡོདཔ་ཨིན་མས།