གཟའ་སྤེན་པ། ༢༠༡༧ ཟླ་༡༢ པའི་སྤྱི་ཚེས་༡༥

གཞུང་གིས་ རྒྱལ་ཁབ་ཀྱི་དཔལ་འབྱོར་གནས་སྟངས་འདི་ སྒྲིང་སྒྲིང་སྦེ་རང་ཡོད་ཟེར་ དོགས་སེལ་འབད་ཡོདཔ།

སྤྱི་ཟླ་༡༡ པའི་ཚེས་ ༣༠ ༢༠༡༦

economicworsening-opposition༉ གཞུང་གི་ཁ་ཐུག་ལས་ ད་རེས་ རྒྱལ་ཁབ་ཀྱི་དཔལ་འབྱོར་གནས་སྟངས་འདི་ ལེགས་ཤོམ་སྦེ་རང་ཡོད་ཟེར་ དོགས་སེལ་འབད་ཡོདཔ་ཨིན།

རྒྱལ་ཡོངས་ཚོགས་འདུའི་འཐུས་མི་ ལ་ལོ་ཅིག་གིས་ཞུ་མི་ནང་ རྒྱལ་ཁབ་ཀྱི་དཔལ་འབྱོར་ ཡར་དྲག་སོང་མི་འདི་ཡང་ རྒྱལ་ཡོངས་ནང་འཁོད་འཐོན་སྐྱེད་ཡོངས་འབོར་ལས་བརྟེན་ཏེ་ཨིནམ་ད་ ད་རེས་ རྒྱལ་ཁབ་ཀྱི་དཔལ་འབྱོར་འདི་ ཡར་དྲག་འགྱོ་བའི་བསྒང་ར་ཡོད་ཟེར་ཨིན་མས།

སྤན་བང་གི་འཐུས་མི་ རྡོ་རྗེ་དབང་འདུས་ཀྱིས་ཞུ་མི་ནང་ ངོ་མ་ལུ་ དཔལ་འབྱོར་གྱི་རྟགས་ཚན་འདི་ཚུ་དང་འཁྲིལ་པ་ཅིན་ རྒྱལ་ཁབ་ཀྱི་དཔལ་འབྱོར་གནས་སྟངས་འདི་ མར་ཉམས་འགྱོ་དོ་ཡོདཔ་སྦེ་ སྟོན་མས་ཟེར་ཨིན་མས།

འདི་ཡང་ འཐུས་མི་གིས་ཞུ་མི་ནང་ རྒྱལ་ཡོངས་ཀྱི་བུ་ལོན་འདི་ ཡར་སེང་འགྱོ་དོ་ཡོད་པའི་ཁར་ ཉོ་བཙོང་གི་གནས་གོང་དང་ ལཱ་གཡོག་མེད་པའི་གནས་ཚད་ཡང་ ཡར་སེང་འགྱོ་དོ་ཡོདཔ་སྦེ་ཨིན་མས།

ཨིན་རུང་ གཞུང་གི་བཤད་མི་ནང་ རྒྱལ་ཡོངས་ཀྱི་བུ་ལོན་ ཡར་སེང་འགྱོ་མི་འདི་ཡང་ ད་རེས་ གློག་མེ་ལས་འགུལ་གྱི་ལཱ་ཚུ་ འབད་བའི་བསྒང་ཡོད་མི་ཚུ་ལས་བརྟེན་ཏེ་ཨིན་ཟེར་ཞུ་ཡི།

ད་རུང་ གཞུང་གིས་བཀོད་མི་ནང་ རྒྱལ་ཡོངས་ཀྱི་བུ་ལོན་ ཡར་སེང་འགྱོ་མི་གནད་དོན་གཞན་ཡང་ གློག་མེ་ལས་འགུལ་ཚུ་གི་དོན་ལུ་ འཕྲུལ་ཆས་མཁོ་སྒྲུབ་འབད་མི་དང་ གནམ་གྲུབ་གསརཔ་ ཉོ་མི་ལུ་བརྟེན་ཏེ་ ཨིན་ཟེར་ཞུ་ཡི།

ད་རུང་ གཞུང་གིས་བཀོད་མི་ནང་ སྤྱི་ལོ་༢༠༡༣ལུ་ རྒྱལ་ཡོངས་ནང་འཁོད་ཐོན་སྐྱེར་ཡོངས་འབོར་གྱི་ཚད་འདི་ བརྒྱ་ཆ་༥དང་ཚ་༠༥འབད་ས་ལས་ ནཱ་ཧིང་ རྒྱལ་ཡོངས་ནང་འཁོད་འཐོན་སྐྱེད་ཡོངས་འབོར་གྱི་ཚད་འདི་ བརྒྱ་ཆ་༦དང་ཚ༥ལུ་ ཡར་སེང་སོང་སྟེ་ཡོདཔ་སྦེ་ཨིན་མས།