གཟའ་ལྷག་པ། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༢༤

ཐབ་ཤིང་ལག་ལེན་འཐབ་མི་འདི་གིས་ འཕྲོད་བསྟེན་ལུ་གནོད་པ་ཡོདཔ།

སྤྱི་ཟླ་༡༡ པའི་ཚེས་ ༢༩ ༢༠༡༦

indoorpollution༉ མི་མང་ཤོས་ཅིག་གིས་རང་ ཐབ་ཤིང་ལག་ལེན་འཐབ་པའི་སྐབས་ གནོད་པ་དེ་ཅིག་རང་ མེདཔ་འོང་ནི་མས་ཟེར་བའི་ མནོ་བསམ་བཏང་དོ་ཡོདཔ་ཨིན།

ཨིན་རུང་ འཛམ་གླིང་གསོ་བའི་ཚོགས་པ་དང་འཁྲིལ་བ་ཅིན་ འཐབ་ཤིང་ལག་ལེན་འཐབ་མི་འདི་གིས་ ཁྱིམ་ནང་ལས་ བཙོག་རླུང་འདི་ མཐོ་ཤོས་ཅིག་བཏོན་དོ་ཡོདཔ་ལས་ འཕྲོད་བསྟེན་ནང་ལུ་ཡང་ གནོད་པ་ཡོདཔ་སྦེ་ཨིན་མས།

འཛམ་གླིང་གསོ་བ་ཚོགས་པ་ནང་ལས་ དྲོག་ཀྲར་ཀརྨ་བསྟན་འཛིན་གྱིས་སླབ་མི་ནང་ འཛམ་གླིང་ནང་ལུ་ ལོ་བསྟར་བཞིན་ ཁྱིམ་ནང་གི་དུ་པ་ལས་བརྟེན་ཏེ་ མི་ས་ཡ་ལས་བཅད་དེ་ ཤི་རྐྱེན་བྱུང་དོ་ཟེར་བཤད་ཅི།

ད་རུང་ ཁོ་གིས་འབད་བ་ཅིན་ ཞིབ་འཇུག་ལེ་ཤཱ་ཅིག་གི་ནང་ལས་ཡང་ ཁྱིམ་ནང་གི་དུ་པ་ལས་བརྟེན་ཏེ་ མིག་ཏོ་གཡའ་ནི་གི་མ་ཚད་པར་ དབུག་གཏོང་ལེན་གྱི་ནད་གཞི་ཚུ་ཡང་ ཐོབ་ཨིནམ་སྦེ་ཐོན་ཏེ་འདུག་ཟེར་ཨིན་མས།

 འབྲུག་ལུ་ དུ་པ་ནང་ལུ་སྡོད་དགོཔ་ཐོན་མི་འདི་ མང་ཤོས་ཅིག་རང་ གློག་མེ་དང་འཁོར་ལམ་གྱི་མཐུན་རྐྱེན་ཚུ་ མེད་སའི་གཡུས་ཚན་ཚུ་ནང་ལས་ཕར་ཨིན་མས།

འདི་བཟུམ་གྱི་གནས་སྟངས་ནང་ལུ་སྡོད་དགོཔ་ཐོན་མི་གཡུས་ཚན་ཅིག་འདི་ ཀྲོང་གསར་རྫོང་ཁག་ གླིང་མཐིལ་རྒེད་འོག་གི་ རི་བོ་ཏ་ལ་གཡུས་ཚན་འདི་ཨིན་མས།

མི་ཚུ་གིས་སླབ་མི་ནང་ དུ་པ་ནང་ལུ་ གཔ་ཆེ་རང་སྡོད་པའི་བསྒང་ལས་ དབུག་ཏོང་ལེན་དང་ མིག་ཏོ་གཡའ་ནི་གི་ནད་གཞི་ཚུ་ཐོབ་ནི་འདུག་ཟེར་བཤད་ཅི།

འདི་འབདཝ་ལས་ ཁོང་ལ་ལུ་ཅིག་གིས་ ཨ་ལུ་ཚུ་ཡང་ གཡུས་ཁར་མ་བཞག་པར་ ས་གནས་གཞན་ཚུ་ནང་ལས་ཕར་ བསྐྱེལ་བཞག་སྟེ་ཡོདཔ་ཨིན་མས།

ཨིན་རུང་ རྒྱལ་ཁབ་ཀྱི་མཐའ་ཟུར་ས་གནས་ཚུ་ནང་ལུ་སྡོད་མི་ཚུ་ ཐབས་རང་མེད་པར་ དུ་པ་ནང་ལུ་ སྡོད་དགོཔ་ཐོན་ཏེ་འདུག