གཟའ་མིག་དམར། ༢༠༡༧ ཟླ་༡༢ པའི་སྤྱི་ཚེས་༡༨

ཨེ་མ་ཚུ་ གཞན་མི་ས་སྒོ་ཚུ་ནང་ལས་ནང་འདྲེན་འཐབ་ནི་གི་དོན་ལས་ བལྟ་དོ་ཡོདཔ།

སྤྱི་ཟླ་༡༡ པའི་ཚེས་ ༢༩ ༢༠༡༦

agriculture-department-explores-market-to-import-chillies༉ ཁྲོམ་ཁ་ལས་ཕར་ ཨེ་མ་ཚུ་ཐོབ་ཚུགས་པ་ལུ་ ལཱ་ཁག་བཏང་མི་དང་འབྲེལ་ སོ་ནམ་དང་ནགས་ཚལ་ལྷན་ཁག་འོག་གི་ སོ་ནམ་ལས་ཁུངས་ཀྱིས་ དུས་ཅི་ སྤྱི་ཟླ་༡༢་པ་བར་ཁམས་ཅིག་ལས་ རྒྱ་གར་སི་ཀིམ་དང་དར་ཇི་གླིང་ཚུ་ནང་ལས་ ཨེ་མ་ནང་འདྲེན་འཐབ་ནིའི་དོན་ལུ་ འོས་བབས་ཚུ་ བལྟ་བའི་བསྒང་འདུག

རྒྱལ་ཁབ་ནང་ལུ་ ཨེ་མ་ནང་འདྲེན་འཐབ་ནི་འདི་ དུས་ཅི་སྤྱི་ཟླ་༧་པའི་ནང་ལས་ བཀག་བསྡམ་འབད་དེ་ཡོདཔ་ད་ དེ་ཡང་ ཨེ་མ་ནང་ལུ་ རྫས་སྦྱོར་ཚུ་ ཚད་གཞི་ལས་ལྷག་སྟེ་ཡོདཔ་སྦེ་མཐོང་པའི་ཤུལ་ལུ་ཨིན།

རྒྱལ་ཡོངས་ཚོད་བསྲེ་ལས་རིམ་གྱི་མཉམ་འབྲེལ་པ་ རྣམ་རྒྱས་འཕྲིན་ལས་ཀྱིས་སླབ་མི་ནང་ དུས་ཅི་སྤྱི་ཟླ་བཅུ་པའི་ནང་ བརྟག་ཞིབ་འབད་བའི་སྐབས་ ཨེ་མ་ནང་ལུ་ རྫས་སྦྱོར་གྱི་ཚད་གཞི་ཚུ་ མར་ཕབ་མ་འགྱོ་བ་ར་ཡོདཔ་སྦེ་མཐོང་པའི་ཤུལ་ལུ་ གཞུང་གིས་ ཨེ་མ་ནང་འདྲེན་བཀག་བསྡམ་འབད་མི་འདི་ ཆ་མེད་བཏང་མ་ཚུགས་ཟེར་བཤད་ཅི།

སྤྱིར་སྙོམ་ལུ་ འབྲུག་མི་ཚུ་གིས་ ལོ་གཅིག་ནང་ལུ་ ནང་འདྲེན་འབད་དེ་ཡོད་པའི་ཨེ་མ་ མེ་ཀྲིག་ཀྲཱོན་ སྟོང་ཕྲག་༢་ལྷགཔ་རེ་ བཟའ་དོ་ཡོདཔ་ཨིན་མས།

ནང་འདྲེན་ཡོངས་བསྡོམ་ལས་ ཨེ་མ་ཀྲག་༡༥༠་དེ་ཅིག་ གནམ་དགུན་ལུ་བཟའ་དོ་ཡོདཔ་སྦེ་ཨིན་མས།