གཟའ་པ་སངས། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༡༩

ལྷན་ཐབས་འཆར་དངུལ་ དངུལ་ཀྲམ་ས་ཡ་༢༦༠་ལྷགཔ་ཅིག་ གྲོས་འཆར་ཕུལ་ཡོདཔ།

སྤྱི་ཟླ་༡༡ པའི་ཚེས་ ༢༩ ༢༠༡༦

opposition-questiones-govt-on-how-to-keep-unemployment-rate-at-bay༉ ལྡོག་ཕྱོགས་ཚོགས་པ་གིས་ གཞུང་ལུ་ ལྷན་ཐབས་འཆར་དངུལ་ དངུལ་ཀྲམ་ས་ཡ་༢༦༠་ལྷགཔ་ཅིག་ གྲོས་འཆར་ཕུལ་མི་གི་ཐོག་ལས་ ཡུན་བརྟན་ལཱ་གཡོག་གི་གོ་སྐབས་ ག་དེ་སྦེ་ བཟོ་ཚུགས་ག་ཟེར་བའི་ དྲི་བ་ཞུ་ཡི།

འཐུས་མི་ཚུ་གིས་ རྒྱལ་ཁབ་ནང་ལུ་ ལཱ་གཡོག་མ་འཐོབ་པའི་ དཀའ་ངལ་སེལ་ཐབས་ལུ་ ལྷན་ཐབས་འཆར་དངུལ་དཔྱ་བགོའི་དཔྱད་ཡིག་ ༢༠༡༦་ལས་༢༠༡༧་ཅན་མ་འདི་ལུ་ རྒྱབ་བསྐྱོར་ཕུལ་ཡོདཔ་ཨིན།

ཨིན་རུང་ ལྡོག་ཕྱོགས་ཚོགས་པའི་འཐུས་མི་ལ་ལོ་ཅིག་གིས་ ལས་རིམ་འདི་ ག་དེ་སྦེ་ཡུན་བརྟན་འོང་ག་ཟེར་བའི་ ཚ་གྱངས་ཚུ་ཞུ་ཡོདཔ་ཨིན།

འདི་ལུ་ ལཱ་གཡོག་བློན་པོ་ ཉི་མ་སངས་རྒྱས་ཆེན་པོ་གིས་ཞུ་མི་ནང་ གཞུང་གི་ཧོངས་ལས་ ལཱ་གཡོག་གཏན་ཁེལ་གྱི་ལས་རིམ་གྱི་འོག་ལུ་ ལས་སྡེ་ཚུ་དང་ཅིག་ཁར་ ལཱ་གཡོག་འབྱིན་དགོ་པའི་ གན་རྒྱ་བཟོ་སྟེ་ཡོད་ཟེར་ཨིན་མས།

འདི་འབདཝ་ལས་ ལས་རིམ་འདི་མཇུག་བསྡུཝ་ཅིག་ ན་གཞོན་ཚུ་གིས་ ལཱ་འབད་དེ་ཡོད་པའི་ ལས་སྡེ་འདི་ནང་ལུ་ ལ་གཡོག་གི་གོ་སྐབས་ཐོབ་ཟེར་ཞུ་ཡི།

ད་རུང་ ལཱ་གཡོག་བློན་པོ་གིས་ཞུ་མི་ནང་ ན་གཞོན་ཚུ་ལུ་ ལཱ་གཡོག་གི་གོ་སྐབས་ ཕྱི་རྒྱལ་ལས་ཕར་ཡང་ འབྱིན་ཏེ་ཡོད་མི་འདི་གིས་ ཁོང་ཆ་ཁྱབ་ སྐྱེས་ལོ་༦༠་མ་ལང་ཚུན་ ལཱ་འབད་དགོ་རུང་ འབད་ཐ་ཆོགཔ་སྦེ་ཨིན་ཟེར་ཞུ་སྟེ་ཡོདཔ་ཨིན།