གཟའ་ཉི་མ། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༢༡

གཏན་འཇག་གི་ གསོག་འཇོག་ནང་ལས་ཐོབ་པའི་འོང་འབབ་གུར་ ཁྲལ་ཕོག་མི་འདི་ ཆ་མེད་བཏང་ནི།

སྤྱི་ཟླ་༡༡ པའི་ཚེས་ ༢༩ ༢༠༡༦

na-income-tax-bill༉ རྒྱལ་ཡོངས་ཚོགས་འདུ་གིས་ ཁ་ཙ་ འབྲུག་གི་འོང་འབབ་ཁྲལ་གྱི་དཔྱད་ཡིག་༢༠༡༦་ཅན་མ་ནང་ལུ་ གཏན་འཇག་གི་ གསོག་འཇོག་ནང་ལས་ཐོབ་པའི་འོང་འབབ་གུར་ ཁྲལ་ཕོག་མི་འདི་ ཆ་མེད་བཏང་ནི་ནང་ ཐུགས་ཐག་བཅད་གནང་ཡི།

ཨིན་རུང་ འཐུས་མི་ལ་ལུ་ཅིག་གིས་འབད་བ་ཅིན་ ཁྲལ་བཀལ་ཏེ་ཡོད་མི་འདི་ དེ་སྦེ་ མ་ཕོགཔ་སྦེ་བཟོ་བའི་བསྒང་ལས་ རྒྱལ་ཁབ་ནང་ལུ་ རྒྱུ་ཡོད་མི་དང་མེད་མི་གཉིས་ཀྱི་བར་ན་ ཁྱད་པར་ཆགས་བཅུག་ནི་གི་ཉེན་ཁག་ཡོད་ཟེར་ཞུ་ཡི།

འོང་འབབ་ཁྲལ་གྱི་ལམ་ལུགས་དང་འཁྲིལ་བ་ཅིན་ གཏན་འཇག་གི་གསོག་འཇོག་ནང་ལས་ འོང་འབབ་འདི་ དངུལ་ཀྲམ་ཁྲི་གཅིག་དང་ འདི་ལས་ལྷག་སྟེ་འབད་བ་ཅིན་ མི་ཚུ་གིས་ གཞུང་ལུ་ ཁྲལ་བརྒྱ་ཆ་༥་སྤྲོད་དགོཔ་སྦེ་ཡོདཔ་ཨིན་མས།

འཕྲིད་སྣོན་འབད་དེ་ཡོད་པའི་ཁྲལ་གྱི་དཔྱད་ཡིག་འདི་གིས་ དངུལ་ཁང་ནང་ལས་ཕར་ གསོག་འཇོག་འབད་མི་མང་སུ་སྦེ་ཐོན་པའི་རེ་བ་ཡོདཔ་མ་ཚད་ དངུལ་ཁང་ཚུ་གིས་ཡང་ བསྐྱིན་འགྲུལ་ཡར་དྲག་བཏང་ཚུགས་པའི་རེ་བ་འདུག

ད་རུང་ འཐུས་མི་ཚུ་གིས་ སོ་ནམ་ཅ་ཆས་དང་ དངུལ་ཐོག་ལས་ཐོབ་པའི་འོང་འབབ་ཚུ་ལུ་ཡང་ ཁྲལ་ཡང་ཆག་གནང་དགོ་པའི་ཞུ་བ་ཕུལ་ཡི།

འདི་ལུ་ དངུལ་རྩིས་བློན་པོ་ རྣམ་རྒྱས་རྡོ་རྗེ་གིས་ཞུ་མི་ནང་ དངུལ་རྩིས་ལྷན་ཁག་དང་ སོ་ནམ་དང་ནགས་ཚལ་ལྷན་ཁག་གཉིས་ཀྱིས་ གནད་དོན་འདི་གི་ཐད་ཁར་ ལཱ་ཚུ་འབད་བའི་བསྒང་རང་ཡོདཔ་ལས་ ད་ལྟོ་ ཐུགས་ཐག་བཅད་མི་ཚུགས་ནི་མས་ཟེར་ཞུ་ཡི།