གཟའ་སྤེན་པ། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༢༠

མགྱོགས་པ་རང་ དངུལ་ཁང་ངོ་ཚབ་ཀྱི་ཞབས་ཏོག་འགོ་བཙུགས་ནི།

སྤྱི་ཟླ་༡༠ པའི་ཚེས་ ༢༩ ༢༠༡༦

agentbanking༉ རྒྱལ་ཁབ་ནང་གི་ གྲོང་གསེབ་ཀྱི་ མི་སེར་ཚུ་གིས་ཡང་ ད་ལས་ཕར་ དངུལ་འབྲེལ་གྱི་ཞབས་ཏོག་ཚུ་ ཁོང་རའི་ ས་གནས་ནང་ལས་ར་སྤྱོད་ཚུགས་ནི་གི་ གོ་སྐབས་ཡོདཔ་ཨིན་མས།

འདི་ཡང་ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱིས་ དངུལ་ཁང་ངོ་ཚབ་ཀྱི་ ལམ་ལུགས་དང་སྒྲིགས་གཞི་གཅིག་ བརྩམ་སྟེ་ཡོད་ནི་འདི་གིས་ཨིན་མས།

དངུལ་ཁང་གི་ངོ་ཚབ་ཡོད་པའི་བསྒང་ལས་ མི་ཚུ་ ལཱ་ཁག་སྦེ་ དངུལ་ཁང་ནང་ འོང་མ་དགོ་པར་ དངུལ་ཁང་གི་རྩིས་ཁྲ་ འགོ་བཙུགས་ནི་དང་ སྐྱིན་འགྲུལ་ལེན་ནིའི་བྱ་རིམ་ དེ་ལས་ ཏི་རུབ་བཏོན་ནི་དང་བཙུགས་ནི་ དེ་བཟུམ་སྦེ་ ཁྲལ་རིགས་བཏབ་ནིའི་ལཱ་ཚུ་འབད་ནི་ནང་ལུ་ ཆ་རོགས་འབད་ཚུགས་ནི་ཨིན་མས།

ཨིན་རུང་ ངོ་ཚབ་ཚུ་གིས་ རྩིས་ཁྲ་སྒོ་ཕྱེ་ནི་དང་ སྐྱིན་འགྲུལ་བྱིན་ནི་ དེ་ལས་ ཨེ་ཀྲི་ཨེམ་ཚུ་ བྱིན་མི་ཆོག་ནི་ཨིནམ་མ་ཚད་ དངུལ་ཤོག་ ཅེག་འབག་འོང་མི་ཚུ་ལུ་ཡང་ ཏི་རུབ་ཚུ་ བྱིན་མི་ཆོག་ནི་ཨིན་མས།

རྒྱལ་གཞུང་དངུལ་ལས་དབང་འཛིན་ནང་ལས་ ཨྱོན་ཆོས་སྒྲོན་གྱིས་སླབ་མི་ནང་ ཞབས་ཏོག་འདི་གིས་ གྲོང་གསེབ་ཀྱི་མི་སེར་ཚུ་དང་ འོང་བབས་ཆུང་ཀུ་འབད་མི་ཚུ་ལུ་ ཕན་ཐོགས་སྦོམ་བྱུང་འོང་ཟེར་བཤད་ཅི།

འདི་བཟུམ་སྦེ་ དངུལ་ཁང་ཚུ་ལུ་ཡང་ དངུལ་འབྲེལ་ཞབས་ཏོག་བྱིན་ནིའི་དོན་ལུ་ ལཱ་ཁག་སྦེ་ ཡན་ལག་ཡིག་ཚང་ཚུ་ བཙུགས་མ་དགོ་པར་ ཕན་ཐོགས་བྱུང་ནི་ཨིན་མས།

དངུལ་ཁང་ངོ་ཚབ་ཚུ་ཡང་ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱིས་ ཆ་འཇོག་འབད་དེ་ཡོད་པའི་ གཞུང་གི་འགྲེམ་སྐྱོང་ཞབས་ཏོག་ཚུ་དང་ སྒེར་གྱི་ཡི་གུ་དང་ལག་རྟགས་སྐྱེལ་མི་ལས་སྡེ་ཚུ་ དེ་ལས་ ཐོ་བཀོད་འབད་དེ་ཡོད་པའི་ སིལ་ཚོང་བརྐྱབ་མི་ སྨན་གི་ཚོང་ཁང་ཚུ་ དེ་ལས་ གཞན་མི་ ངོ་ཀྱང་ཚུ་གིས་ འབད་ནི་ཨིན་མས།

དངུལ་འབྲེལ་ལས་ཁང་ཚུ་གིས་ དངུལ་ཁང་གི་ངོ་ཚབ་བཙུགས་ནི་འདི་ཡང་ ཤུལ་མའི་ཟླཝ་ནང་ལས་ གདམ་ཁ་བརྐྱབ་ཚུགས་ནི་ཨིན་མས།

ད་རེས་ དངུལ་ཁང་གི་ ཡན་ལག་ཡིག་ཚང་༨༤་དེ་ཅིག་ནང་ དེ་ཚུ་ནང་ལུ་ ཞབས་ཏོག་སྤྱོད་མི་ འབུམ་༨་ལྷགཔ་ཅིག་ཡོདཔ་ཨིན།