གཟའ་ལྷག་པ། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༡༧

རྒྱལ་ཁབ་ནང་ལུ་ ལཱ་གཡོག་མེད་པའི་གནས་ཚད་ མར་ཕབ་འབད་དགོ་པ་ཅིན་ ན་གཞོན་ཚུ་ རྒྱལ་ཁབ་ནང་ལུ་རང་ ལཱ་འབད་བཅུག་དགོཔ།

སྤྱི་ཟླ་༡༠ པའི་ཚེས་ ༢༨ ༢༠༡༦

employment༉ རྒྱལ་ཁབ་ནང་ལུ་ ལཱ་གཡོག་མ་ཐོབ་པའི་གནས་ཚད་ མར་ཕབ་འབད་ནི་གི་དོན་ལས་ ན་གཞོན་ཚུ་ལུ་ གནས་སྐབས་ཀྱི་ལཱ་གཡོག་དང་ ལག་རྩལ་སྦྱོང་བསྡར་ཚུ་ འབྱིན་ནི་ནང་ སེམས་ཤུགས་སྐྱེད་དགོཔ་འདུག་ཟེར་ཨིན་མས།

འདི་ཡང་ ཁ་ཉིནམ་ འབྲུག་དང་ ཨཱསི་ཊིཡ་གི་བར་ན་ དཔལ་འབྱོར་གྲོས་འཛོམས་ཅིག་ འགོ་འདྲེན་འཐབ་པའི་སྐབས་ ཨཱསི་ཊིཡ་གི་ འགོ་དཔོན་ཚུ་གིས་སླབ་སྟེ་ཡོདཔ་ཨིན།

ཁོང་འགོ་དཔོན་ཆ་ཁྱབ་ཀྱིས་སླབ་མི་ནང་ ན་གཞོན་ཚུ་ལུ་ འདི་བཟུམ་མའི་སྦྱོང་བརྡར་ཚུ་ བྱིན་མི་འདི་གིས་ ལཱ་གཡོག་གི་གོ་སྐབས་དང་བསྟུན་པའི་ ལཱ་འབད་ནི་གི་དོན་ལས་ སྒྲ་སྒྲིག་ཚུད་འོང་ཟེར་བཤད་ཅི།

ལས་མི་ཞིབ་འཇུག་གི་ སྙན་ཞུ་༢༠༡༥ཅན་མ་དང་འཁྲིདཔ་ད་ ད་རེས་ རྒྱལ་ཁབ་ནང་ལུ་ ན་གཞོན་ལཱ་གཡོག་མེད་པའི་ གནས་ཚད་འདི་ བརྒྱ་ཆ་༡༠དང་ཚ་༧ཡོདཔ་སྦེ་ བཀོད་དེ་འདུག

འབྲུག་རྒྱལ་ཁབ་ནང་ལུ་ ལཱ་མང་ཤོས་ཅིག་གི་དོན་ལུ་ ད་ལྟོའི་བར་ན་ཡང་ ཕྱིའི་ལས་མི་ཚུ་ལུ་ རེ་དོ་ཡོདཔ་ཨིན་རུང་ ན་གཞོན་ལཱ་གཡོག་མེད་མི་ སྟོང་ཕྲག་༢ལྷགཔ་ཅིག་ ཕྱི་རྒྱལ་ཁབ་ཚུ་ནང་ལས་ཕར་ ལཱ་གཡོག་ནང་བཙུགས་ཏེ་འདུག

འདི་ལུ་ ཨཱསི་ཊིཡ་གི་ འགོ་དཔོན་ཚུ་གིས་ ཁོང་རའི་རྒྱལ་ཁབ་ལུ་ དཔེ་བཞག་སྟེ་ དེ་སྦེ་ ན་གཞོན་ཚུ་ ཕྱི་རྒྱལ་ཁབ་ནང་ལུ་ ལཱ་འབད་བར་བཏང་ནི་འདི་ འཛོལ་བ་ཨིནམ་ལས་ རྒྱལ་ཁབ་ནང་འཁོད་ལུ་རང་ གནས་སྐབས་ཀྱི་ལཱ་གཡོག་དང་ ལག་རྩལ་སྦྱོང་བརྡར་ཚུ་འབྱིན་པ་ཅིན་ ལཱ་གཡོག་མ་ཐོབ་པའི་དཀའ་ངལ་འདི་ སེལ་ཚུགསཔ་ཟེར་བཤད་ཅི།

འདི་བཟུམ་སྦེ་ ཨཱསི་ཊིཡ་གི་ འགོ་དཔོན་ཚུ་གིས་སླབ་མི་ནང་ འབྲུག་མི་ཚུ་ རྒྱལ་ཁབ་ནང་འཁོད་ལུ་རང་ ལཱ་འབད་བཅུག་སྟེ་བཞག་པ་ཅིན་ འདི་གིས་ རྒྱལ་ཁབ་ཀྱི་དཔལ་འབྱོར་ནང་ལུ་ ལྷན་ཐབས་འབད་འོང་ཟེར་བཤད་ཅི།

གྲོས་འཛོམས་འདི་ཡང་ རྒྱལ་ཁབ་གཉིས་ཀྱི་བར་ན་ ཟུང་ཕྱོགས་དཔལ་འབྱོར་གྱི་མཐུན་ལམ་ ཡར་དྲག་བཏང་ཐབས་ལུ་དམིགས་ཏེ་ འགོ་འདྲེན་འཐབ་ཡོདཔ་ཨིན།