གཟའ་པ་སངས། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༡༩

བཀྲ་ཤིས་སྒང་ལུ་ ནད་གཞི་དམར་ཅནམ་་འཐོན་ཡོད་པའི་ དོག་པ་ཡོདཔ།

སྤྱི་ཟླ་༡༠ པའི་ཚེས་ ༢༨ ༢༠༡༦

sagtengmeasles༉ བཀྲ་ཤིས་སྒང་ལུ་ སག་སྟེང་འབྲིང་རིམ་སློབ་གྲྭ་འོག་མའི་ནང་ དམར་ཅནམ་ནད་གཞི་ འཐོན་ཏེ་ཡོད་པའི་ དོག་པ་ལུ་བརྟེན་ བཀྲ་ཤིས་སྒང་རྫོང་ཁག་གི་ གསོ་བའི་འགོ་དཔོན་ཚུ་ ཞིབ་དཔྱད་འབད་བར་འགྱོ་དོ་ཡོདཔ་ཨིན་མས།

སློབ་ཕྲུག་༥༠་དེ་ཅིག་ སྤོ་རོ་དམརཔོ་འཐོན་ཏེ་ཡོདཔ་མ་ཚད་ མིག་ཏོ་ཡང་དམརཔོ་ཐལ་ཏེ་ ན་དོ་ཡོད་པའི་སྐོར་ལས་ གཟའ་མིག་དམར་གྱི་ཚེ་ སྙན་ཞུ་འབད་ནུག

སློབ་ཕྲུག་ལ་ལོ་ཅིག་ བཀྲ་ཤིས་སྒང་སྨན་ཁང་ནང་ལུ་བཏང་ཡོདཔ་ད་ གཞན་མི་ཚུ་ ཁྱིམ་ནང་སྡོད་དགོཔ་སྦེ་སླབ་ཡོདཔ་ཨིན་མས།

དམར་ཅནམ་འདི་ཡང་ འབུ་ཉེན་ཆེ་བའི་ ནད་གཞི་ཅིག་ཨིནམ་ད་ འདི་གི་རྟགས་མཚན་ཚུ་ནང་ སྤོ་རོ་དམརཔོ་འཐོན་ནི་དང་ གློ་འབར་ནི་ དེ་ལས་ ལྷབ་འཛགས་ནི་ཚུ་ཨིན་མས།