གཟའ་པ་སངས། ༢༠༡༧ ཟླ་༡༢ པའི་སྤྱི་ཚེས་༡༤

བཟོ་བསྐྲུན་གོང་འཕེལ་ལས་འཛིན་དང་ དྲི་ཨེཆ་ཨའི་ཨིན་ཕ་ར་འདི་ ད་རེས་ཟླཝ་ནང་ལས་ ཅིག་ཁར་བསྡོམ་ཡོདཔ།

སྤྱི་ཟླ་༡༠ པའི་ཚེས་ ༢༧ ༢༠༡༦

dhis-subsidiary-companies-merged༉ འབྲུག་མི་སེར་རྒྱུ་ནོར་གཞི་བཟུང་འོག་གི་ལས་སྡེ་ བཟོ་བསྐྲུན་གོང་འཕེལ་ལས་འཛིན་དང་ དྲི་ཨེཆ་ཨའི་ཨིན་ཕ་ར་འདི་ གཞུང་ལས་ གཞུང་སྐྱོང་གི་བཀའ་རྒྱ་ཅིག་ཐོབ་མི་དང་འབྲེལ་ཏེ་ ད་རེས་ཀྱི་ཟླཝ་ནང་ལས་ ཅིག་ཁར་བསྡོམ་ཡོདཔ་ཨིན།

བཟོ་བསྐྲུན་གོང་འཕེལ་ལས་འཛིན་དང་དྲི་ཨེཆ་ཨའི་ཨིན་ཕ་ར་གཉིས་ ཅིག་ཁར་བསྡོམ་མི་འདི་གིས་ མི་སྟོབས་དང་འཕྲུལ་རིག་གི་མཐུན་རྐྱེན་ཚུ་ ཅིག་ཁར་བསྡོམ་ཏེ་ བཟོ་བསྐྲུན་གྱི་ལཱ་དང་ གཞི་བརྟེན་མཁོ་ཆས་ཚུ་གྲུབ་ནི་གི་ལཱ་ཚུ་ མཉམ་འབྲེལ་གྱི་ཐོག་ལས་ འབད་ཚུགས་ནི་ལུ་ ཕན་ཐོག་བྱུང་ནི་ཨིན་མས།

ལས་སྡེ་གཉིས་ཅིག་ཁར་བསྡོམ་བཞིནམ་ལས་ བཟོ་བསྐྲུན་གོང་འཕེལ་ལས་འཛིན་སྦེ་བཟོ་སྟེ་ཡོདཔ་དང་ ལས་སྡེ་འདི་གིས་ དྲི་ཨེཆ་ཨའི་ཨིན་ཕ་ར་བཀོད་ཁྱབ་གཙོ་འཛིན་འགོ་དཔོན་འདི་རྐྱངམ་ཅིག་མ་གཏོགས་ གཞན་མི་ལས་འབྱེདཔ་༣༥ག་ར་ རྩིས་ལེན་ཡོདཔ་ཨིན་མས།

དྲི་ཨེཆ་ཨའི་ཨིན་ཕ་ར་གི་ ཧེ་མའི་བཀོད་ཁྱབ་གཙོ་འཛིན་འགོ་དཔོན་འདི་ ལས་སྡེ་གི་ ཁ་འབག་འགན་ཡིག་དང་འཁྲིལ་ དགོངས་ཞུ་ནུག

བཟོ་བསྐྲུན་གོང་འཕེལ་ལས་འཛིན་གྱིས་ ད་རེས་ནངས་པར་ ཟམ་ལེ་ཤ་ཅིག་བརྐྱབ་ནི་གི་ ལས་འགུལ་ཚུ་གི་ཐོག་ལུ་དང་ ཤར་ཕྱོགས་ཁ་ཐུག་ལུ་ ཉེ་ར་ཨ་མ་རི་གློག་མེ་ལས་འགུལ་གྱི་དོན་ལས་ ཆུ་གདུང་བསལ་ནི་གི་ལཱ་ཚུ་འབད་དོ་ཡོདཔ་ཨིན་མས།

འབྲུག་མི་སེར་རྒྱུ་ནོར་གཞི་བཟུང་གིས་ བཟོ་བསྐྲུན་གོང་འཕེལ་ལས་འཛིན་དང་ དྲི་ཨེཆ་ཨའི་ཨིན་ཕ་ར་ལས་སྡེ་གཉིས་དང་ཅིག་ཁར་ གྲོས་བསྟུན་འབད་བའི་ཤུལ་ ལས་སྡེ་གཉིསཔོ་འདི་ ཅིག་ཁར་བསྡོམ་ནི་སྦེ་ དུས་ཅི་ལོ་འགོ་བཙུགས་ཁམས་ཅིག་ཁར་ གྲོས་འབུལ་ཕུལ་ནུག

འབྲུག་གི་ཚོང་སྡེའི་བཅའ་ཁྲིམས་༢༠༠༠ཅན་མ་དང་འཁྲིལཔ་ད་ མི་མང་གི་ཁེ་ཕན་དོན་ལུ་ དགོས་མཁོ་བྱུང་པ་ཅིན་ གཞུང་གི་ཁ་ཐུག་ལས་ ལས་སྡེ་གཉིས་ལས་ལྷག་སྟེ་ ཅིག་ཁར་བསྡོམ་ཆོགཔ་སྦེ་ཡོདཔ་ཨིན་མས།