གཟའ་པ་སངས། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༡༩

ཨ་ལོ་ཚུ་ལུ་ རྩུབ་སྤྱོད་བྱུང་མི་གི་ རྒྱུ་རྐྱེན་གཙོ་བོ་ཅིག་འདི་ མཉམ་རོགས་ཚུ་ལས་བརྟེན་ཏེ་ཨིནམ་སྦེ་མཐོང་སྟེ་ཡོདཔ།

སྤྱི་ཟླ་༡༠ པའི་ཚེས་ ༢༧ ༢༠༡༦

peers-among-the-top-perpetrators-of-violence༉ འབྲུག་རྒྱལ་ཁབ་ནང་ ཨ་ལོ་ཚུ་ལུ་ རྩུབ་སྤྱོད་བྱུང་མི་གི་ རྒྱུ་རྐྱེན་གཙོ་བོ་ཅིག་འདི་ ཁོང་རའི་མཉམ་རོགས་ཚུ་ལས་བརྟེན་ཏེ་ཨིནམ་སྦེ་མཐོང་སྟེ་འདུག

འདི་ཡང་ ཕྲལ་ཁམས་ཅིག་ཁར་ ཐིམ་ཕུག་ལུ་སྦེ་ ཨ་ལོ་ཚུ་ལུ་ རྩུབ་སྤྱོད་བྱུང་མི་གི་ཞིབ་འཇུག་སྙན་ཞུ་གུར་ རྒྱལ་ཡོངས་གྲོས་བསྟུན་འབད་བའི་སྐབས་ གསལ་སྟོན་བྱུང་སྟེ་ཡོདཔ་ཨིན།

སྙན་ཞུ་དང་འཁྲིལ་བ་ཅིན་ ཨ་ལུ་ཚུ་ལུ་ རྩུབ་སྤྱོད་འདི་ཡང་ ལུས་ཐོག་གི་རྩུབ་སྤྱོད་དང་ འདོད་སྤྱོད་ཀྱི་རྩུབ་སྤྱོད་ དེ་ལས་ སེམས་ཁམས་ཀྱི་རྩུབ་སྤྱོད་ཚུ་བྱུང་སྟེ་འདུག་ཟེར་ཨིན་མས།

ཐིམ་ཕུག་ རྫོང་ཁག་གི་ཤེས་རིག་འགོ་དཔོན་གཙོ་འཛིན་འོངམ་ ལྷམོ་ཚེ་རིང་གིས་སླབ་མི་ནང་ ཨ་ལུ་ཚུ་ལུ་ སློབ་གྲྭ་ནང་ལས་ཕར་ཡང་ རྩུབ་སྤྱོད་འདི་བཟུམ་འབྱུང་མི་གི་ཐད་ཁར་ ཚ་གྱལ་ཡོད་ཟེར་བཤད་ཅི།

རྒྱལ་ཡོངས་གྲོས་བསྟུན་གྱི་སྐབས་ལུ་ རྒྱལ་ཡོངས་ཨམ་སྲུ་དང་ཨ་ལོའི་ལྷན་ཚོགས་ཀྱིས་བཀོད་མི་ནང་ རྩུབ་སྤྱོད་ཚུ་གི་གྲལ་ལས་ མང་ཤོས་ཅིག་ར་ ཨ་ལོའི་གནས་ཚད་ཁར་ ཨ་རྟག་ཧ་ལུགས་ཀྱི་ གནས་སྟངས་ཅིག་སྦེ་འཚོར་ཏེ་འདུག་ཟེར་ཨིན་མས།

ཨིན་རུང་ མཁས་པ་ཚུ་གིས་འབད་བ་ཅིན་ རྩུབ་སྤྱོད་འདི་ཚུ་ལས་བརྟེན་ ཨ་ལོ་ཚུ་གི་ གཟུགས་ཁམས་དང་སེམས་ཁམས་ལུ་ གནོད་པ་བྱུང་འོང་ཟེར་བཤད་ཅི།

གྲོས་བསྟུན་ཞལ་འཛོམས་ཀྱི་སྐབས་ལུ་ རྒྱལ་ཡོངས་ཨམ་སྲུ་དང་ཨ་ལོའི་ལྷན་ཚོགས་ཀྱིས་ མཉམ་རོགས་ལས་བརྟེན་པའི་ རྩུབ་སྤྱོད་ཚུ་ལུ་གདོང་ལེན་འབད་ནིའི་དོན་ལུ་ རྒྱལ་ཡོངས་ཀྱི་ཐབས་བྱུས་ཅིག་ བཟོ་ནི་གི་སྐོར་ལས་ རྒྱབ་སྣོན་བཀོད་ནུག

ཨ་ལུ་ཚུ་ལུ་ རྩུབ་སྤྱོད་བྱུང་མི་གི་ཐད་ཁར་ ཞིབ་འཇུག་འདི་ཡང་ རྒྱལ་ཡོངས་ཨམ་སྲུ་དང་ཨ་ལོའི་ལྷན་ཚོགས་ཀྱིས་ འགོ་འདྲེན་འཐབ་སྟེ་ནུག

ཞིབ་འཇུག་གི་སྐབས་ལུ་ རྒྱལ་ཁབ་ནང་འཁོད་ ཨ་ལོ་སྟོང་ཕྲག་༣་ལྷགཔ་ཅིག་ལུ་ དྲི་དཔྱད་འབད་ཡོདཔ་ཨིན་མས།