གཟའ་ལྷག་པ། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༢༤

འབྲུག་རྗེས་སྒང་རྒེད་འོག་ནང་ལུ་ སེམས་ཅན་པེང་གོ་ལིན་གཅིག་ སྲོག་སྐྱབས་འབད་དེ་ བཏང་ཡོདཔ།

སྤྱི་ཟླ་༩ པའི་ཚེས་ ༣༠ ༢༠༡༦

pangolin-drukjeygang༉ དར་དཀར་ན་རྫོང་ཁག་ འབྲུག་རྗེས་སྒང་རྒེད་འོག་ནང་ལུ་ ཁ་ཙ་ རྒྱ་གར་གྱི་པེང་གོ་ལིན་གཅིག་ སྲོག་སྐྱབས་འབད་དེ་ བཏང་ནུག

ནགས་ཚལ་འགོ་དཔོན་ཚུ་གིས་སླབ་མི་ནང་ ས་སྒོ་འདི་ནང་ལུ་ ད་རེས་སེམས་ཅན་འདི་མཐོང་མི་འདི་ འགོ་དང་པ་ཨིན་ཟེར་བཤད་ཅི།

འབྲུག་གི་ནགས་ཚལ་དང་རང་བཞིན་ཉམས་སྲུང་གི་བཅའ་ཁྲིམས་ནང་ལུ་ པེང་གོ་ལིན་འདི་ སྲུང་སྐྱོབས་འབད་དེ་ཡོད་པའི་ རི་དྭགས་སེམས་ཅན་གྱི་རིགས་ཅིག་འབད་ ཚུད་དེ་འདུག

སེམས་ཅན་འདི་ཡང་ ཤ་གི་དོན་ལུ་བསད་དོ་ཡོད་མི་དང་ ཁོང་གི་གཟུགས་ཀྱི་ཆ་ཤེས་ཚུ་ ནང་པའི་སྨན་གྱི་དོན་ལུ་ལག་ལེན་འཐབ་དོ་ཡོདཔ་ལས་ རབ་ཆད་ནི་གི་ཉེན་ཁག་བྱུང་དོ་ཡོདཔ་སྦེ་ཨིན་མས།