གཟའ་ཕུར་བུ། ༢༠༡༧ ཟླ་༡༢ པའི་སྤྱི་ཚེས་༡༣

དུས་ཅི་ སྤྱི་ཟླ་༡༢་པའི་ནང་ལས་ གྲོང་གསེབ་ཚུ་ནང་ལས་ཕར་ སྒེར་གྱི་སྡོད་ཁྱིམ་རྐྱབ་པའི་སྐབས་ མཐའ་ཁོར་ཉོགས་མེད་ཀྱི་འཐུས་ སྤྲོད་མི་དགོ་ནི་ཨིནམ།

སྤྱི་ཟླ་༩ པའི་ཚེས་ ༣༠ ༢༠༡༦

ruralenvclearancewaived༉ དུས་ཅི་ སྤྱི་ཟླ་༡༢་པའི་ནང་ལས་ གྲོང་གསེབ་ཚུ་ནང་ལས་ཕར་ སྒེར་གྱི་སྡོད་ཁྱིམ་རྐྱབ་པའི་སྐབས་ མཐའ་ཁོར་ཉོགས་མེད་ཀྱི་འཐུས་ སྤྲོད་མི་དགོ་ནི་ཨིན་མས།

འདི་ཡང་ མཐའ་ཁོར་ཉོགས་མེད་ལས་འགུལ་༢༠༡༦་ཅན་མའི་སྒྲིག་གཞི་ནང་ལུ་ བསྒྱུར་བཅོས་འབད་དེ་ཡོད་མི་དང་འཁྲིལ་ཏེ་ཨིན་མས།

ཨིན་རུང་ འབྲེལ་ཡོད་དབང་འཛིན་ཚུ་གིས་ ཁྱིམ་རྐྱབ་སའི་ས་སྒོ་ནང་ལུ་ མཐའ་འཁོར་གྱི་གནོད་པ་ ཡོདཔ་མེདཔ་གི་ཞིབ་དཔྱད་ཚུ་ འགོ་འདྲེན་འཐབ་དགོ་ནི་ཨིན་མས།

ད་ལྟོ་ཚུན་ཚད་འབད་བ་ཅིན་ གཡུས་ཁ་ལས་ཕར་ སྒེར་གྱི་སྡོད་ཁྱིམ་ཅིག་རྐྱབ་རུང་ མཐའ་འཁོར་ཉོགས་མེད་ཀྱི་དོན་ལུ་ ཞུ་ཡིག་གི་འཐུས་ཚུ་རྩིསཝ་ད་ འཐུས་དངུལ་ཀྲམ་༢༥༠༠་རེ་ སྤྲོད་དགོ་དོ་ཡོདཔ་ཨིན་མས།