གཟའ་སྤེན་པ། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༢༠

བསམ་གྲུབ་ལྗོངས་མཁར་ལུ་ ཧེ་མའི་ཁྲོམ་དཔོན་འདི་རང་ བཙག་འཐུ་གྲུབ་སྟེ་ཡོདཔ།

སྤྱི་ཟླ་༩ པའི་ཚེས་ ༢༩ ༢༠༡༦

karma-sherab-thobgyal-is-the-sj-thrompon-elect༉ བསམ་གྲུབ་ལྗོངས་མཁར་ཁྲོམ་སྡེ་གི་ མི་སེར་ཚུ་གིས་ ཁྲོམ་དཔོན་འདི་ ཧེ་མའི་ཁྲོམ་དཔོན་ ཀརྨ་ཤེས་རབ་སྟོབས་རྒྱལ་འདི་རང་ ལོག་བཙག་འཐུ་འབད་དེ་འདུག

ཁ་ཉིནམ་ བཙག་འཐུའི་སྐབས་ལུ་ ཀརྨ་ཤེས་རབ་སྟོབས་རྒྱལ་གྱིས་ ཚོགས་རྒྱན་ཡོངས་བསྡོམ་༣༤༧་ལས་ ༢༣༠་ལྷགཔ་ཅིག་ཡོདཔ་ལས་ བརྒྱ་ཆ་༦༥ལྷགཔ་ཅིག་ཐོབ་ཡོདཔ་ཨིན།

ཚོགས་རྒྱན་བཙུགས་མི་ ལ་ལུ་ཅིག་གིས་སླབ་མི་ནང་ བསམ་གྲུབ་ལྗོངས་མཁར་ཁྲོམ་འདི་ནང་ལུ་ གོང་འཕེལ་གྱི་ལཱ་ ལེ་ཤ་ཅིག་ར་འབད་དགོཔ་ཡོདཔ་ལས་ ལཱ་འདི་ཚུ་འབད་ནི་གི་དོན་ལུ་ ཉམས་མྱོང་ཡོད་མི་ཅིག་ར་དགོ་ཟེར་བཤད་ཅི།

ཁྲོམ་དཔོན་སྦེ་ བཙག་འཐུ་གྲུབ་ཡོད་མི་ ཀརྨ་ཤེས་རབ་སྟོབས་རྒྱལ་གྱིས་སླབ་མི་ནང་ མི་སེར་ཚུ་གིས་ ཁོ་ལུ་ དེ་སྦེ་བློ་གཏད་དེ་ཚོགས་རྒྱན་བཙུགས་མི་འདི་ ཁྲོམ་འདི་ནང་ལུ་ གོང་འཕེལ་གྱི་ལཱ་ཚུ་ རྩ་འགེངས་ཏེ་ར་འབད་ཚུགས་ནི་གི་ བློ་སྟོབས་ཨིནམ་སྦེ་བཀོད་ཅི།

བསམ་གྲུབ་ལྗོངས་མཁར་ཁྲོམ་དཔོན་གྱི་དོན་ལས་ དོ་འགྲན་འབད་མི་ གཞན་མི་འདེམས་ངོ་ བདེ་ཆེ་དབང་མོ་གིས་ ཚོགས་རྒྱན་སྡོམ་༡༡༣་ཐོབ་སྟེ་ཡོད་རུང་ མོ་གིས་སླབ་མི་ནང་ མོ་རའི་ཁ་ཐུག་ལས་ ག་དེ་དྲག་དྲག་ཅིག་ རྩ་འགེངས་ཚུགས་མི་འདི་ར་ རྒྱལ་ཁ་ཐོབ་པའི་རྟགས་མཚན་ཅིག་ཨིན་ཟེར་ བཤདཔ་ཨིན་མས།

འདི་བཟུམ་སྦེ་ བསམ་གྲུབ་ལྗོངས་མཁར་ཁྲོམ་སྡེ་གི་འོག་ལུ་ འདེམས་ཁོངས་༦ཡོད་ས་ལས་ འདེམས་ཁོངས་༥གི་དོན་ལས་ ཁྲོམ་སྡེ་ཚོགས་པ་ཚུ་ ཁ་ཉིནམ་ར་ བཙག་འཐུ་འབད་དེ་ཡོདཔ་ཨིན།

ཨིན་རུང་ བསམ་གྲུབ་ལྗོངས་མཁར་སྟོད་འདེམས་ཁོངས་ནང་ལས་ འདེམས་ངོ་ཐོན་མི་མེད་པར་ ཁྲོམ་སྡེ་ཚོགས་པའི་གོ་གནས་འདི་ སྟོངམ་སྦེ་ར་ལུས་ཏེ་ཡོདཔ་ཨིན་མས།

བསམ་གྲུབ་ལྗོངས་མཁར་ཁྲོམ་སྡེ་འོག་གི་ འདེམས་ཁོངས་༦པ་འདི་ཡང་ སྦང་མཚོ་དང་ སྐྱིདཔ་སི་ བསམ་གྲུབ་དགའ་ཚལ་དང་ བསམ་གྲུབ་ལྗོངས་མཁར་བར་ དེ་ལས་ བསམ་གྲུབ་ལྗོངས་མཁར་སྟོད་དང་ བསམ་གྲུབ་ལྗོངས་མཁར་སྨད་འདེམས་ཁོངས་ཚུ་ཨིན་མས།

བསམ་གྲུབ་ལྗོངས་མཁར་ཁྲོམ་སྡེ་འོག་ལུ་ ཐོ་བཀོད་གྲུབ་པའི་ཚོགས་རྒྱན་བཙུགས་མི་ ༨༠༨་འདུག