གཟའ་ལྷག་པ། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༢༤

ད་རེས་ཀྱི་ས་གནས་གཞུང་གི་བཙག་འཐུ་ནང་ལུ་ ཨམ་སྲུའི་འདེམས་ངོ་ མང་སུ་ཅིག་ བཙག་འཐུ་གྲུབ་སྟེ་ཡོདཔ།

སྤྱི་ཟླ་༩ པའི་ཚེས་ ༢༩ ༢༠༡༦
femalegups

(གཡོན་-གཡས: གེ་སར་གླིང་རྒཔོ་ པདྨ་དབང་མོ་ཏ་མང་ དང་བཀྲིས་ལྡིང་རྒཔོ་ རྣམ་རྒྱས་དཔལ་སྒྲོན།

༉ ད་རེས་ཀྱི་ ས་གནས་གཞུང་གི་བཙག་འཐུ་ནང་ལུ་ རྒཔོ་དང་དམངས་མི་ ཚོགས་པ་དང་ ཁྲོམ་སྡེ་ངོ་ཚབ་ དེ་ལས་ ཁྲོམ་སྡེ་ཚོགས་པ་ལ་སོགས་པའི་ ས་གནས་གཞུང་གི་འགོ་འཁྲིདཔ་གི་དོན་ལས་ ཨམ་སྲུ་འདེམས་ངོ་ མང་སུ་ཅིག་ བཙག་འཐུ་གྲུབ་སྟེ་འདུག

འདི་ཡང་ རྒཔོ་གི་དོན་ལས་ ཨམ་སྲུ་གཉིས་དང་ དམངས་མི་གི་དོན་ལས་ ཨམ་སྲུ་༢༤ ་དེ་ལས་ ཚོགས་པ་གི་དོན་ལས་ ཨམ་སྲུ་༡༢༩་བཙག་འཐུ་གྲུབ་ནུགlg-femal-candidates

རྒཔོ་གི་དོན་ལས་ ཨམ་སྲུ་འདེམས་ངོ་གཉིས་བཙག་འཐུ་གྲུབ་མི་འདི་ དར་དཀར་ན་རྫོང་ཁག་འོག་གི་ བཀྲིས་ལྡིང་དང་ གེ་གསེར་གླིང་རྒེད་འོག་གི་ རྒཔོ་གཉིསཔ་འདི་ཨིན་མས།

བཙག་འཐུ་འགོ་དཔོན་ཚུ་གིས་སླབ་མི་ནང་ དུས་ཅི་གི་ ས་གནས་གཞུང་གི་བཙག་འཐུ་འདི་ནང་ལུ་ ཨམ་སྲུའི་འགོ་ཁྲིདཔ་བཙག་འཐུ་གྲུབ་མི་འདི་ སྤྱི་ལོ་༢༠༡༡ལོ་དང་ཕྱདཔ་ད་ ༦༢གིས་ ཡར་སེང་སོང་སྟེ་ཡོད་ཟེར་བཤད་ཅི།

འདི་བཟུམ་སྦེ་ ད་རེས་ཀྱི་ས་གནས་གཞུང་གི་བཙག་འཐུ་འདི་ནང་ལུ་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་མི་ ༡༥༠གིས་ དོ་འགྲན་འབད་ས་ལས་ ཁོང་༤༠འདི་ བཙག་འཐུ་གྲུབ་སྟེ་འདུག