གཟའ་ཉི་མ། ༢༠༡༧ ཟླ་༡༢ པའི་སྤྱི་ཚེས་༡༦

ད་རེས་ཀྱི་ས་གནས་གཞུང་གི་བཙག་འཐུ་ནང་ལུ་ ཚོགས་རྒྱན་བཙུགས་མི་ བརྒྱ་༥༥་ལྷགཔ་ཅིག་འོང་ཡོདཔ།

སྤྱི་ཟླ་༩ པའི་ཚེས་ ༢༩ ༢༠༡༦

overalllgvoters༉ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱི་ ཡོངས་འབྲེལ་ནང་ལུ་ བཀོད་དེ་ཡོད་མི་དང་འཁྲིལ་བ་ཅིན་ ཁ་ཉིནམ་ ས་གནས་གཞུང་གི་བཙག་འཐུ་ཐེངས་གཉིས་པའི་ནང་ལུ་ ཚོགས་རྒྱན་བཙུགས་མི་འདི་ བརྒྱ་༥༥་ལྷགཔ་ཅིག་འོང་ཡོདཔ་སྦེ་ཨིན་མས།

འདི་ཡང་ འགྲེམས་ཐོག་ཚོགས་རྒྱན་ཚུ་རྩིས་ཏེ་ མི་འབུམ་༢དང་སྟོང་ཕྲག་༢༡་ལྷགཔ་ཅིག་གིས་ ཚོགས་རྒྱན་བཙུགས་ཏེ་འདུག

སྤྱི་ལོ་༢༠༡༡་ལུ་ ས་གནས་གཞུང་གི་བཙག་འཐུ་ཐེངས་དང་པ་ འགོ་འདྲེན་འཐབ་པའི་སྐབས་ལུ་འབད་བ་ཅིན་ ཚོགས་རྒྱན་བཙུགས་མི་ བརྒྱ་ཆ་༥༦་འོང་ནུག

ས་གནས་གཞུང་གི་བཙག་འཐུ་ཐེངས་གཉིས་པའི་དོན་ལུ་ ཐོ་བཀོད་གྲུབ་པའི་ ཚོགས་རྒྱན་བཙུགས་མི་ འབུམ་༤ལྷགཔ་ཅིག་ཡོདཔ་ཨིན་མས།