གཟའ་ཟླ་བ། ༢༠༡༧ ཟླ་༡༢ པའི་སྤྱི་ཚེས་༡༧

བཀྲ་ཤིས་སྒང་ལུ་ བཀང་ལུང་གསོ་བའི་གཞི་རྟེན་སྨན་ཁང་ནང་ དྲོག་ཀྲར་མ་ལངས་པའི་ དཀའ་ངལ་འཐོན་ཏེ་ཡོདཔ།

སྤྱི་ཟླ་༨ པའི་ཚེས་ ༣༡ ༢༠༡༦

Kanglung BHU without a doctor༉ བཀྲ་ཤིས་སྒང་ལུ་ བཀང་ལུང་གསོ་བའི་གཞི་རྟེན་སྨན་ཁང་ནང་ དྲོག་ཀྲར་མ་ལངས་པའི་ དཀའ་ངལ་སེལ་ཐབས་ལུ་ མཁའ་གླིང་གསོ་བའི་གཞི་རྟེན་སྨན་ཁང་ནང་ལས་ དྲོག་ཀྲར་ཅིག་བཏང་ཡོདཔ་ཨིན་མས།

སྡེ་རིམ་དང་པ་འབད་མི་ བཀང་ལུང་གསོ་བའི་ གཞི་རྟེན་སྨན་ཁང་ནང་ལུ་ གཏན་འཇགས་ཀྱི་དྲོག་ཀྲར་གཅིག་མེད་པ་ ཟླཝ་༢་དེ་ཅིག་ཡང་ ལངས་དོ་ཡོདཔ་ཨིན་མས།

གསོ་བའི་གཞི་རྟེན་སྨན་ཁང་འདི་ནང་ལུ་ དྲོག་ཀྲར་གཅིག་གནང་དགོ་པའི་སྐོར་ལས་ གསོ་བའི་ལྷན་ཁག་ཞུ་བ་ཕུལ་ཡོདཔ་ཨིན་རུང་ ད་ལྟོ་ཚུན་ཚོད་ ལྷན་ཁག་ལས་ རྫོང་ཁག་གསོ་བའི་ལས་ཚན་ལུ་ ལན་གསན་ཅིག་ མ་ལྷོདཔ་ཨིན་མས།

འདི་འབདཝ་ལས་ སྨན་ཁང་འདི་ནང་ལུ་ གཏན་འཇགས་ཀྱི་ དྲོག་ཀྲར་ཅིག་ མ་ལྷོད་ཚུན་ཚོད་ བཀྲ་ཤིས་སྒང་ལུ་ཡོད་པའི་ གསོ་བའི་ལྟེ་བ་ཁག་ཚུ་ནང་ལས་ དྲོག་ཀྲར་ཚུ་ གནས་སྐབས་ཅིག་གི་རིང་ བསྐོར་རྒྱབ་སྦེ་ བཀང་ལུང་གཞི་རྟེན་སྨན་ཁང་ནང་བཏང་ནི་ཨིན་མས།

སྨན་ཁང་འདི་ནང་ཡོད་པའི་ དྲོག་ཀྲར་འདི་ ཟླཝ་༢་དེ་ཅིག་གི་ཧེ་མ་ དཔེ་ཆ་བལྟ་བར་འགྱོ་བའི་ཤུལ་ལུ་ སྨན་ཁང་འདི་ གསོ་བའི་ལས་རོགསཔ་ཅིག་གིས་ རྒྱུན་སྐྱོང་འཐབ་སྟེ་སྡོད་ནུག

དེ་གི་སྐབས་ གློ་བུར་གྱི་གནས་སྟངས་ཚུ་འཐོན་པའི་སྐབས་ བཀྲ་ཤིས་སྒང་སྨན་ཁང་གི་ དྲོག་ཀྲར་ཚུ་དང་གཅིག་ཁར་ འབྲེལ་བ་འཐབ་སྟེ་འབད་དགོཔ་ལས་ དུས་ཚོད་མང་སུ་འགོར་མི་ལུ་བརྟེན་ གདོང་ལེན་སྦོམ་སྦེ་ར་བྱུང་སྟེ་འདུག

ཉིམ་རེ་ནང་ བཀང་ལུང་གསོ་བའི་གཞི་རྟེན་སྨན་ཁང་ནང་ལུ་ མི་༡༠༠་དེ་རེ་འོང་དོ་ཡོདཔ་ཨིན་མས།