གཟའ་པ་སངས། ༢༠༡༧ ཟླ་༡༢ པའི་སྤྱི་ཚེས་༡༤

པདྨ་དགའ་ཚལ་རྫོང་ཁག་ ཆོས་འཁོར་གླིང་རྒེད་འོག་ལྟེ་བའི་འཁོར་ལམ་འདི་ བསུབ་སྟེ་ཡོད་མི་ལས་བརྟེན་ བཙག་འཐུའི་འགོ་དཔོན་ཚུ་ ཚ་འགྱང་ལང་སྟེ་ཡོདཔ།

སྤྱི་ཟླ་༨ པའི་ཚེས་ ༣༡ ༢༠༡༦

ElectionOfficerworryoverroadblock༉ པདྨ་དགའ་ཚལ་རྫོང་ཁག་ ཆོས་འཁོར་གླིང་རྒེད་འོག་ནང་འགྱོ་སའི་ འཁོར་ལམ་འདི་བསུབ་སྟེ་སྦེ་ ཟླཝ་གཅིག་ལྷགཔ་ཅིག་ ལང་དོ་ཡོདཔ་ཨིན་མས།

འཁོར་ལམ་འདི་ མགྱོགས་རང་འགོ་འདྲེན་འཐབ་ནི་ཨིན་མི་ ས་གནས་གཞུང་གི་བཙགས་འཐུ་ འགོ་འདྲེན་མ་འཐབ་པའི་ཧེ་མ་ལས་ སེལ་མ་ཚུགས་པ་ཅིན་ བཙགས་འཐུའི་བྱ་རིམ་ལུ་ ཐོ་ཕོག་ནི་མས་ཟེར་ འགོ་དཔོན་ཚུ་ཚ་འགྱང་ལང་སྟེ་སྦེ་འདུག

འདས་པའི་ཟླཝ་ནང་ལུ་ ཆརཔ་ཤུགས་འབད་རང་རྐྱབ་མི་ལུ་བརྟེན་ ཆོས་འཁོར་གླིང་རྒེད་འོག་ལྟེ་བའི་འཁོར་ལམ་ ཁག་གཉིས་བསུབ་སྟེ་སྦེ་འདུག

ཁ་ཙ་ བཙག་འཐུའི་འབྲེལ་མཐུན་ཞལ་འཛོམས་ཅིག་ཚོགས་པའི་སྐབས་ལུ་ རྒེད་འོག་བདག་སྐྱོང་འགོ་དཔོན་གྱིས་སླབ་མི་ནང་ གནད་དོན་འདི་གི་སྐོར་ལས་ ངང་ལམ་ལུ་ཡོད་པའི་ ལམ་སེལ་ལས་ཁུངས་ལུ་ སྙན་ཞུ་འབད་ཡི་ཟེར་བཤད་ཅི།

ཨིན་རུང་ ད་ལྟོ་ཚུན་ཚོད་ ལམ་སེལ་ལས་ཁུངས་ཀྱི་ཁ་ཐུག་ལས་ ག་ནི་ཡང་འབད་འབདཝ་མེད་ཟེར་ཨིན་མས།

འདི་བཟུམ་སྦེ་ པདྨ་དགའ་ཚལ་རྫོང་བདག་ ཕུན་ཚོགས་ཀྱིས་སླབ་མི་ནང་ རྫོང་ཁག་དང་དྲུང་ཁག་གཉིས་ཆ་རའི་ཁ་ཐུག་ལས་ཡང་ ལམ་སེལ་ལས་ཁུངས་ལུ་ ལམ་འདི་ ག་དེ་མགྱོགས་མགྱོགས་ སེལ་དགོཔ་སྦེ་ སྙན་ཞུ་འབད་ཡི་ཟེར་ཨིན་མས།

གནད་དོན་འདི་གི་སྐོར་ལས་ ངང་ལམ་ལུ་ཡོད་པའི་ ལམ་སེལ་ལས་ཁུངས་ཀྱི་འགོ་དཔོན་གྱིས་སླབ་མི་ནང་ ལམ་འདི་སེལ་ནི་གི་དོན་ལས་ འཕྲུལ་ཆས་ ཨེཀསི་ཀེ་བེ་ཀ་ཊར་དགོཔ་ཡོདཔ་ལས་ སེལ་མ་ཚུགས་ཟེར་བཤད་ཅི།

ཨིན་རུང་ ལས་ཁུངས་ཀྱི་ཁ་ཐུག་ལས་ ལམ་འདི་ ཤུལ་མའི་ཟླཝ་ བར་ཁམས་ཅིག་ལུ་ སེལ་ཚུགས་པའི་རེ་བ་འདུག

འདི་ཡང་ ལམ་སེལ་ནི་གི་དོན་ལས་ སྤྱི་ཟླ་༩་པའི་སྤྱི་ཚེས་༥གི་ཚེས་ འཕྲུལ་ཆས་ཨེཀསི་ཀེ་བེ་ཀ་ཊར་ བཙུགས་ནི་ཨིན་མས།