གཟའ་ལྷག་པ། ༢༠༡༧ ཟླ་༡༢ པའི་སྤྱི་ཚེས་༡༢

མི་ངོམ་༡༡་གིས་ གདུང་བསམ་རྩི་ས་ལས་འཛིན་ནང་ལས་ དངུལ་ཀྲམ་ས་ཡ་༢༠དེ་ཅིག་ ཚུལ་མིན་ལོག་སྤྱོད་འབད་ཡོད་པའི་ ཉེས་འཛུགས།

སྤྱི་ཟླ་༨ པའི་ཚེས་ ༣༠ ༢༠༡༦

Embezzlement-DungsamCement༉ གདུང་བསམ་རྩི་ས་ལས་འཛིན་ནང་ལས་ ལས་འབྱེདཔ་༧དང་ སྒེར་གྱི་མི་ངོམ་༤ལུ་ ལས་འཛིན་འདི་ནང་ལས་ དངུལ་ཀྲམ་ས་ཡ་༢༠དེ་ཅིག་ ཚུལ་མིན་གྱི་ཐོག་ལས་ ལོག་སྤྱོད་འབད་ཡོད་པའི་ ཉེས་འཛུགས་ཕོག་སྟེ་འདུག

གནད་དོན་འདི་གི་ཐད་ཁར་ ད་ལྟོ་ རྩོད་དཔོན་ཡོངས་ཁྱིབ་ཡིག་ཚང་གིས་ བསྐྱར་ཞིབ་འབད་བའི་བསྒང་ཡོདཔ་ཨིན་མས།

བརྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ནང་ལས་ འགོ་དཔོན་གཅིག་གིས་སླབ་མི་ནང་ ལས་འབྱེདཔ་ཚུ་གིས་ རྒྱ་གར་ལས་ རྒྱུ་ཆ་ཚུ་བཀྲམ་སྤེལ་འབད་མི་འདི་ལུ་ སྤྲོད་ནི་ཨིན་པའི་མ་དངུལ་འདི་ ལོག་སྤྱོད་འབད་ཡོད་པའི་ དོག་པ་འདུག་ཟེར་ཨིན་མས།

འདི་ཡང་ ཁོང་ཆ་ཁྱབ་ཀྱིས་ དངུལ་གྱི་ཤོག་འཛིན་འདི་ ཁོང་རའི་མིང་ཐོ་ཁར་བཟོ་ཞིནམ་ལས་ བཀྲམ་སྤེལ་བ་འདི་ལུ་མ་སྤྲོད་པར་ དངུལ་ཁང་ནང་ལས་ དངུལ་འདི་བཏོན་ནུག་ཟེར་ཨིན་མས།

འདི་བཟུམ་སྦེ་ དོག་པ་ཅན་ཚུ་གིས་ འབྱོར་རྟགས་ཚུ་རྫུན་མ་བཟོ་སྟེ་སྦེ་ རྒྱུ་ཆ་གཅིག་གི་དོན་ལས་ རིན་དངུལ་ཚར་གཉིས་ལེན་ཏེ་འདུག་ཟེར་ཨིན་མས།

བྱ་ངན་འདི་གི་སྐོར་ལས་ ལས་འཛིན་གྱི་བདག་སྐྱོང་གིས་ཤེས་ཞིནམ་ལས་ རྩིས་ཞིབ་འབད་དགོཔ་སྦེ་ རྒྱལ་གཞུང་རྩིས་ཞིབ་དབང་འཛིན་ལུ་ ཞུ་བ་འབད་ཡོདཔ་ཨིན་མས།

རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱིས་ རྩིས་ཞིབ་འབད་བའི་སྐབས་ལུ་ མ་དངུལ་ལོག་སྤྱོད་འབད་ཡོདཔ་སྦེ་ མཐོང་པའི་ཤུལ་ ན་ཧིང་སྤྱི་ཟླ་༦པའི་ནང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ནང་ལུ་ བཙུགས་ནུག

ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ བརྩོད་གཞི་འདི་ དུས་ཅི་སྤྱི་ཟླ་༧པའི་ནང་ བརྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ནང་ལུ་ བཏང་སྟེ་འདུག

རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་བཀོད་མི་ནང་ དོགས་པ་ཅན་ཚུ་གིས་ སྤྱི་ལོ་༢༠༡༠ལས་ ༢༠༡༤ཚུན་ཚོད་ར་ མ་དངུལ་ལོག་སྤྱོད་འབད་དེ་སྡོད་ནུག་ཟེར་ཨིན་མས།

ངན་ལྷད་ཀྱི་ ལཱ་ངན་འདི་ནང་ལུ་ མི་གྲངས་༡༡འབྲེལ་གཏོགས་ཡོད་ས་ལས་ དོག་པ་ཅན་ངོ་མ་འདི་ སྤྱི་ལོ་༢༠༡༤ལུ་ སྣུམ་འཁོར་ཐུག་རྐྱེན་ནང་ གྱོང་ཡོདཔ་དང་ གཞན་མི་རྒྱ་གར་གྱི་མི་ཁུངས་འདི་ གར་སོང་མེདཔ་བྱང་ཡོདཔ་ཨིན་མས།

རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ བརྩོད་གཞི་འདི་ ཤུལ་མའི་ཟླཝ་ནང་ ཁྲིམས་ཀྱི་འདུན་ས་ལུ་བཏང་ནི་ཨིན་མས།