གཟའ་པ་སངས། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༡༩

བསམ་རྩེ་འབྲིང་རིམ་སློབ་གྲྭ་འོག་མ་ནང་ལུ་ སློབ་ཕྲུག་ཚུ་ སློབ་ཁང་ནང་ལུ་ བསྐོར་རྒྱབ་འབད་འོང་དགོ་པའི་ལམ་ལུགས་ཡོད་མི་འདི་ སྤྱི་ལོ་༢༠༡༨་ལས་ མེདཔ་སྦེ་བཟོ་ནི།

སྤྱི་ཟླ་༨ པའི་ཚེས་ ༣༠ ༢༠༡༦

SamtseLSS-ShiftSystem༉ བསམ་རྩེ་འབྲིང་རིམ་སློབ་གྲྭ་འོག་མ་ནང་ལུ་ ད་རེས་ སློབ་ཕྲུག་ཚུ་ སློབ་ཁང་ནང་ལུ་ བསྐོར་རྒྱབ་འབད་འོང་དགོ་པའི་ལམ་ལུགས་ཡོད་མི་འདི་ སྤྱི་ལོ་༢༠༡༨་ལས་ མེདཔ་སྦེ་བཟོ་ནི་ཨིན་མས།

འདི་ཡང་ སློབ་གྲྭ་འདི་ནང་ལུ་ སློབ་ཁང་གསརཔ་༢༠་རྐྱབ་འཕྲོ་འབད་ཡོད་མི་འདི་ སྤྱི་ལོ་༢༠༡༨་ཀྱི་སློབ་ཡུན་ནང་ལས་ གྲ་སྒྲིག་ཚུད་ནི་ཨིན་མི་ལས་བརྟེན་ཏེ་ཨིན།

སློབ་གྲྭ་འདི་ནང་ལུ་ སློབ་ཕྲུག་ཚུ་ བསྐོར་རྒྱབ་འབད་འོང་ནི་གི་ལམ་ལུགས་འདི་ཡང་ སྤྱི་ལོ་༢༠༠༩་ལས་འགོ་བཙུགས་ཡོདཔ་ད་ འདི་ཡང་ སློབ་ཁང་ནང་ལུ་ སློབ་ཕྲུག་མ་ཤོང་པའི་དཀའ་ངལ་ སེལ་ཐབས་ལུ་ཨིན་མས།SamtseLSS-ShiftSystem--

བསམ་རྩེ་འབྲིང་རིམ་སློབ་གྲྭ་འོག་མའི་དབུ་འཛིན་ ཚེ་རིང་སྟོབ་རྒྱས་ཀྱིས་སླབ་མི་ནང་ སློབ་གྲྭ་ནང་ལུ་ སློབ་ཕྲུག་ཚུ་ བསྐོར་རྒྱབ་འབད་འོང་དགོཔ་བཟོ་མི་འདི་ཡང་ སློབ་རིམ་༧་པ་ནང་ལུ་ སློབ་ཕྲུག་འོང་མི་གི་གྱངས་ཁ་འདི་ ཡར་སེང་འགྱོ་བའི་ཤུལ་ཐོན་ཏེ་ཡོད་ཟེར་བཤད་ཅི།

འདི་བཟུམ་སྦེ་ སློབ་ཁང་གསརཔ་རྐྱབ་ནི་ནང་ ཡུན་གྱང་འབད་ལུས་མི་འདི་ཡང་ གཞུང་ས་ཐོབ་མ་ཚུགས་པར་ ལུས་མི་ལས་བརྟེན་ཏེ་ཨིནམ་སྦེ་བཀོད་ཅི།

ཨིན་རུང་ སློབ་དབུ་འཛིན་གྱིས་སླབ་མི་ནང་ སློབ་ཕྲུག་ཆ་མཉམ་ལུ་ དུས་ཚོད་འདི་ འདྲན་འདྲ་འབད་རང་ འབྱིན་ཚུགས་ཏེ་ཡོདཔ་ལས་ སློབ་སྟོན་གྱི་ཐད་ཁར་ ཐོ་མ་ཕོག་པར་ཡོད་ཟེར་བཤད་ཅི།

སློབ་གྲྭ་འདི་ནང་ལུ་ སློབ་སྟོན་ཚུ་ཡང་ བསྐོར་རྒྱབ་སྦེ་འབད་དགོ་ནི་འདི་གིས་ དྲོ་པ་ཆུ་ཚོད་༦་ལས་འགོ་བཙུགས་ཏེ་ ཕྱི་རུ་ ཆུ་ཚོད་༦་ཚུན་ཚད་ འགོརཝ་ཨིན་མས།

སྤྱི་ལོ་༡༩༥༧་ལུ་ གཞི་བཙུགས་འབད་དེ་ཡོད་མི་ བསམ་རྩེ་འབྲིང་རིམ་སློབ་གྲྭ་འོག་མ་འདི་ནང་ལུ་ ད་རེས་ སློབ་ཕྲུག་༡༣༠༠་ལྷགཔ་ཅིག་འདུག